བོད་མིའི་མཉམ་འབྲེལ་ཁག་གི་ལས་དོན་གནང་ཕྱོགས།

རྒྱ་གར་ལྷོ་ཕྱོགས་སུ་ཚོགས་པའི་བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༣པའི་ཚོགས་འདུ་དང་འབྲེལ་བོད་མིའི་མཉམ་འབྲེལ་ཁག་གི་ལས་དོན་གནང་ཕྱོགས།

༄༅༎ཐེངས་འདིའི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ནང་ཚོགས་པའི་བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༣པའི་ཚོགས་འདུ་དང་འབྲེལ་རྒྱ་གར་ནང་གི་བོད་མིའི་མཉམ་འབྲེལ་ཁག་གི་ལས་དོན་གནང་ཕྱོགས་སྐོར། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ཀྱི་གཙོས་མཉམ་འབྲེལ་དྲུང་ཆེ་ཁག་ཅིག་ལ། འདི་གའི་ལས་བྱེད་ལྷུན་གྲུབ་ཚེ་རིང་ལགས་ཀྱིས་བཅར་འདྲི་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org