བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས།
བོད་ནང་བོད་མི་ན་གཞོན་ཚོས་རྒྱ་གཞུང་གི་གདུག་རྩུབ་དྲག་གནོན་མི་བཟོད་པར་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྤེལ་བཞིན་པ།
-
2011-11-07 -
-
-
Your browser doesn’t support HTML5 audio
༄༅༎ཐེངས་འདིའི་རེས་གཟའ་ཉི་མའི་གཏམ་གླེང་ཞེས་པའི་ལེ་ཚན་གྱི་ནང་དུ་བོད་ནང་བོད་མི་ན་གཞོན་ཚོས་རྒྱ་གཞུང་གི་གདུག་རྩུབ་དྲག་གནོན་མ་བཟོད་པར་གཅེས་པའི་ལུས་སྲོག་མེར་བསྲེགས་ཀྱི་དོར་བཞིན་པའི་ཛ་དྲག་གི་གནས་ཚུལ་འདིའི་འོག་ནས་བོད་རྒྱ་གཉིས་མཉམ་གནས་ཡོང་ཐབས་བྲལ་བ་དང་ཞི་མོལ་གྱི་འབྲེལ་ལམ་ཡོང་ཐབས་བྲལ་མཚོན་རྟགས་ཡིན་མིན་སྐོར་རྡ་རམ་ས་ལ་ནས་བཀའ་བློན་ཁྲིས་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང༌།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཚེ་དབང་རིག་འཛིན་ལགས་དང༌།འཇམ་དབྱངས་རྡོ་རྗེ་ལགས་བཅས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎