བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དམིགས་བསལ་ཚོགས་འདུ།
༸གོང་ས་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དམིགས་བསལ་ལྷན་ཚོགས་གནང་དགོས་པའི་བཀའ་ཡིག་གནང་བ།
-
2008-09-15 -
-
-
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་དགུ་པའི་ཚེས་བཅུ་བཞི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་གྱི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབས་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོ་ཟླ་བ་བཅུ་གཅིག་དང་བཅུ་གཉིས་གང་རུང་ནང་བསྡུ་བསྐོར་དགོས་པའི་བཀའ་ཡིག་བསྩལ་བའི་སྐོར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་བཅས་དབར་བགྲོ་གླེང་གནང་བ་ཞིག་གསན་རོགས་གནང་༎