བོད་ནང་གི་དམར་ཤོག་འགོ་ཁྲིད་འཕོ་འགྱུར།
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ལས་གནས་ནས་འཕོ་བའི་གནས་ཚུལ།
-
2010-01-17 -
-
-
Your browser doesn’t support HTML5 audio
༄༅༎དེ་རིང་གི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་ཉེ་དུས་རྒྱ་ནག་གཞུང་གིས་བོད་ནང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་འཕོ་འགྱུར་གཏོང་རྒྱུའི་གསལ་བསྒྲགས་བྱས་པ་དང་སྟབས་བསྟུན་གྱིས་འབྱུང་འགྱུར་བོད་ནང་གི་འཛིན་སྐྱོང་འགྱུར་ལྡོག་འགྲོ་སྲིད་མིན་དང་འབྲེལ་ཡོད་གནས་ཚུལ་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དང་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་བུ་ཆུང་ཚེ་རིང་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བ་ཞིག་གསན་རོགས༎