བཀའ་ཁྲིའི་འོས་མིར་སྙན་སེང་།
༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ནས་བཀའ་ཁྲིའི་འོས་གཞིར་བོད་རྒྱའི་འབྲེལ་ལམ་གྱི་ནང་དོན་ངོ་སྤྲོད་གནང་རྒྱུ།
-
2011-01-22 -
-
-
༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ནས་བཀའ་ཁྲིའི་འོས་གཞིར་བོད་རྒྱའི་འབྲེལ་ལམ་གྱི་ནང་དོན་ངོ་སྤྲོད་གནང་རྒྱུ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཡེ་ཤེས་བཀྲ་ཤིས།
Your browser doesn’t support HTML5 audio
ལེ་ཚན་ལ་གསན་རོགས། |
༄༅༎དེ་རིང་གི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཇུ་ཅིན་ཐའོ་ཨ་མེ་རི་ཀའི་ནང་རྒྱལ་དོན་འཚམགས་གཟིགས་སུ་ཕེབས་པའི་གནད་དོན་བརྒྱུད་རྒྱ་ནག་དང་ཨ་མེ་རི་ཀའི་འབྲེལ་ལམ་སྐོར་དང༌།ཨ་མེ་རི་ཀའི་ཕྱི་སྲིད་སྲིད་བྱུས་ཀྱི་ནུས་སྟོབས། དེ་བཞིན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་མ་གནང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིངས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་དང་།སྐལ་བཟང་རྒྱལ་མཚན་ལགས་གཉིས་ནས་ཕྱི་ཟླ་གཉིས་པའི་ཚེས་གཉིས་ཉིན་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་གཞི་གསུམ་ལ་བོད་རྒྱའི་འབྲེལ་བའི་གནས་ཚུལ་སྙན་སེང་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་ལས་རིམ་གཙོ་སྐྱོང་བ་སྐལ་ལྡན་བློ་གྲོས་ལགས་དང་།བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དབར་གླེང་མོལ་གནང་བར་གསན་རོགས༎