ཁེར་རྐྱང་གི་གླིང་ཕྲན་ཞེས་པའི་དཔེ་དེབ་གསར་བ་ཞིག་པར་སྐྲུན་བྱས་པ།
ཁེར་རྐྱང་གི་གླིང་ཕྲན་ཞེས་པའི་ནང་། རྒྱ་ནག་ནང་བྱུང་བའི་ངོ་རྒོལ་གྱི་ལོ་རྒྱུས་ཁག་འབྲེལ་ཐག་བྱས་ཏེ་རྟོགས་བཟོ་མ་ཡིན་པའི་རྩོམ་རིག་གི་ལམ་ནས་ཉེ་རབས་ཀྱི་དུས་རབས་ཕྱེད་ཀའི་རིང་རྒྱ་ནག་ནང་བྱུང་བའི་ངོ་རྒོལ་ལས་འགུལ་ཁག་ཅིག་ཞིབ་འབྲི་བྱས་ཡོད།
- 2024-11-09
-
-
-
པར་ཚགས།
Your browser doesn’t support HTML5 audio
དེ་རིང་གི་རང་དབང་གི་གླེང་སྟེགས་ཀྱི་ལེ་ཚན་ནང་དུ་ད་ལྟ་ཐེ་ལན་ཌའི་ནང་གནས་སྡོད་རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ་ཡེ་ཧྥུ་ནས་ཉེ་ཆར་ཐའེ་ཝན་ནང་ཁེར་རྐྱང་གི་གླིང་ཕྲན་ཞེས་པའི་དཔེ་དེབ་གསར་བ་ཞིག་པར་སྐྲུན་བྱས་བ་དེའི་ནང་གཙོ་བོ་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སོགས་རྒྱ་ནག་ནང་བྱུང་བའི་ངོ་རྒོལ་གྱི་ལོ་རྒྱུས་ཁག་འབྲེལ་ཐག་བྱས་ཏེ་རྟོགས་བཟོ་མ་ཡིན་པའི་རྩོམ་རིག་གི་ལམ་ནས་ཉེ་རབས་ཀྱི་དུས་རབས་ཕྱེད་ཀའི་རིང་རྒྱ་ནག་ནང་བྱུང་བའི་ངོ་རྒོལ་ལས་འགུལ་ཁག་ཅིག་ཞིབ་འབྲི་བྱས་བའི་ཐད་ལྕགས་མོ་འཚོས་དབྱེ་ཞིབ་དང་གནས་ཚུལ་ཕྱོགས་བསྡུས་བྱས་བར་གསན་རོགས་གནོངས།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛོིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།