ཡོན་ཆབ་འབུལ་ཕྱོགས་དང་ན་གཞོན་མི་རབས་ཀྱི་གོམས་འདྲིས།

བྲེལ་ཟིང་ཆེ་བའི་དུས་རབས་ནང་དཀོན་མཆོག་ལ་མཆོད་པ་འབུལ་སྲོལ་སྤྱི་དང་།  བྱེ་བྲག་ཏུ་ཡོན་ཆབ་འབུལ་བའི་སྲོལ་ལུགས་ལ་གཞོན་སྐྱེས་མི་རབས་ཀྱིས་འཇུག་ཚུལ་ཐད་བཀའ་འདྲི་ཞུས་པར་གསན་རོགས་གནང་།

སྒྲིག་བཟོ། ནོར་སྡེ།

བོད་པའི་དགོན་སྡེ་ལྷ་ཁང་དང་ཁྱིམ་ཚང་སོ་སོར་ཕྱག་མཆོད་ལ་རྣམ་གྲངས་མི་འདྲ་བ་ཡོད་པའི་ཁོངས་ནས་ཡོན་ཆབ་འབུལ་སྲོལ་ནི་ཆེས་དར་ཁྱབ་ཆེ་ལ་ཀུན་གྱིས་ཚོགས་གསོག་གི་བྱ་བར་ངོས་འཛིན་ཞུ་གི་ཡོད་པ་རེད།  འོན་ཀྱང་དུས་ཀྱི་འགྱུར་འགྲོས་ལ་གཞིགས་པས།  དེང་སྐབས་ཡར་ཐོན་ཅན་གྱི་ཡུལ་གྲུ་དང་ལྷག་པར་གཞོན་སྐྱེས་མི་རབས་ཁྲོད་གོམས་སྲོལ་འདིར་ཉམས་བཞེས་བྱེད་སྟངས་ལ་འགྱུར་བ་འགྲོ་གི་ཡོད་པ་ནི།  བཟང་ངན་ཕྱོགས་གཉིས་ཀ་ནས་ལྟ་ཕྱོགས་ཤིག་ཏུ་གྱུར་ཡོད་པ་རེད།  དེ་རིང་གི་ལེ་ཚན་ནང་།  དགའ་ལྡན་ཕོ་བྲང་ཡིག་ཚང་གི་དགེ་བཤེས་ངག་དབང་བསོད་ནམས་ལགས་ལ་ཡོན་ཆབ་ཀྱི་མཆོད་པ་འབུལ་ཕྱོགས་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ།  དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན།  ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org