རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་ཀང་ར་རྫོང་གི་ལས་ཁུངས་དབར་འབྲེལ་བ་གཟབ་མོ་ཡོད།

རྒྱ་གར་ཧི་མ་ཅལ་མངའ་སྡེའི་Kangra རྫོང་གི་རྫོང་དཔོན་སྐུ་ཞབས་Hemraj Bairwa ཡིས་རྡ་ས་བོད་མིའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱི་སྡོད་གནས་སུ་ཆེད་དུ་བོད་ཀྱི་ལོ་གསར་གྱི་འཚམས་འདྲི་གནང་བར་ཕེབས་པ།

བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་ཀང་ར་རྫོང་དཔོན་གྱིས་ཀང་ར་རྫོང་གི་ཆེས་མཐོའི་གཟེངས་རྟགས་གནང་སྐབས། ༠༩།༡༦།༢༠༢༤ དབུས་བོད་མིའི་སྒྲིག་འཛུགས།

རྒྱ་གར་ཧི་མ་ཅལ་མངའ་སྡེའི་Kangra རྫོང་གི་རྫོང་དཔོན་སྐུ་ཞབས་Hemraj Bairwa ཡིས་རྡ་ས་བོད་མིའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱི་སྡོད་གནས་སུ་ཆེད་དུ་བོད་ཀྱི་ལོ་གསར་གྱི་འཚམས་འདྲི་གནང་བར་ཕེབས་པ་དང་བསྟུན་རྡ་སའི་ཁུལ་གྱི་དཀའ་ངལ་ཞུས་པ་ཁག་སེལ་ཐབས་གནང་རྒྱུའི་ཞལ་བཞེས་གནང་བ་སོགས་ས་གནས་འགོ་འཛིན་ལས་ཁུངས་དང་རྫོང་གི་ལས་ཁུངས་དབར་འབྲེལ་བ་གཟབ་མོ་ཡོད་པའི་སྐོར་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་གསུངས་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org