འཛམ་གླིང་ནང་མིག་ལོང་སྐྱོན་ཅན་ལ་མཐུན་རྐྱེན་གནང་རྒྱུའི་གྲོས་ཆོད་བཞག་འདུག

མཉམ་འབྲེལ་རྒྱལ་ཚོགས་ནས་་ལོ་༢༠༣༠ནང་ཚུད་མིག་ལོང་སྐྱོན་ཅན་ལ་སྨན་བཅོད་སོགས་ཀྱི་མཐུན་རྐྱེན་གནང་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་པ།

རོ་མེ་ནི་ཡའི་ནང་བུ་ཞིག་གི་མིག་ལ་བརྟག་དཔྱད་བྱེད་བཞིན་པ། ཨེ་པི།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནས་ད་རེས་ཐེངས་དང་པོ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་སྤྱི་ལོ་༢༠༣༠ནང་ཚུད་སུ་མིག་གིས་ལོང་སྐྱོན་ཅན་གྱི་ནད་པ་ཐེར་འབུམ་གཅིག་དང་གྲངས་ཆུང་གཅིག་ཙམ་གྱི་མིག་གི་མིག་ཤེས་ཉམས་པའི་ནད་པའི་སྨན་བཅོས་དང་སྔོན་འགོག་གི་མཐུན་རྐྱེན་གནང་རྒྱུའི་གྲོས་ཆོད་ཞིག་ད་རེས་མཉམ་འབྲེལ་རྒྱལ་ཚོགས་ནས་སྤྱི་མོས་ཀྱི་ཐོག་ནས་བཞག་ཡོད་པ་དང་མིག་གི་རིག་ཤེས་ཉམས་པར་བོད་སྨན་གྱི་ངོས་འཛིན་གནང་སྟངས་དང་བཅོས་ཐབས་སྐོར་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ཚབ་སྨན་པ་ཆོས་དབྱིངས་ཕུན་ཚོགས་ལགས་སུ་ཚེ་དབང་ནོར་བུ་ལགས་ཀྱིས་བཅའ་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།།

གསར་འགོད་པ། ཚེ་དབང་ནོར་བུ།

རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།

དྲ་ཐོག་སྤེན་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org