བོད་མི་ཕྱི་ལ་གྱར་ནས་བོད་སྐད་བཀོལ་སྤྱོད་བྱེད་རྒྱུ་ཇེ་ཉུང་དུ་འགྲོ་བཞིན་པ།
བཙན་བྱོལ་བོད་མི་འཚོ་བའི་མདུན་ལམ་ཆེད་ཡུལ་ལུང་གཞན་ལ་གྱར་མཁན་ཇེ་མང་དུ་ཕྱིན་པས་བོད་སྐད་བཀོལ་སྤྱོད་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ།
- 2021-11-06
-
-
-
Your browser doesn’t support HTML5 audio
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དེང་སྐབས་བོད་ནང་ཆ་མཚོན་ན་བོད་མི་མང་དག་ཅིག་རྒྱ་ནག་དང་བོད་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་འཚོ་བའི་མདུན་ལམ་འཚོལ་སྙེག་ཆེད་གྱར་མཁན་ཇེ་མང་དང་། བོད་ཕྱི་ཕྱོགས་སུ་མཚོན་ན་བོད་མི་མང་པོ་ཞིག་བོད་མི་འདུ་སྡོད་ཕོན་ཆེ་ཡོད་སའི་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ཕྱོགས་ཏེ་ཕྱི་རྒྱལ་ཡུལ་གྲུ་ ༣༠ ཙམ་གྱི་ནང་གྱར་ཡོད་པར། མི་རབས་རྗེས་འགྱུར་དང་བསྟུན་ནས་བོད་མི་དེ་དག་གི་ཉིན་རེའི་མི་ཚེའི་ནང་བཀོལ་སྤྱོད་བྱེད་པའི་བོད་ཀྱི་སྐད་ཡིག་ལ་ཉམས་ཉེས་ཇི་སྙེད་ཅིག་བྱུང་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཝར་ཎ་བོད་ཀྱི་མཐོ་སློབ་ཀྱི་བོད་ཡིག་སྡེ་ཚན་གྱི་འགན་འཁུར་བ་རྒན་ལྷག་པ་ཚེ་རིང་ལགས་དང་ལྷན་འདི་དག་ལ་གདོང་ལེན་གཉེན་པོ་བསྟེན་ཕྱོགས་ཐད་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།