ཏོག་དབྱིབས་ནད་འབུ་འགོས་ཡོད་མེད་བརྟག་དཔྱད་ཐེངས་གཉིས་གནང་རྒྱུ་གལ་ཆེ།
བོད་མིའི་ཁྲོད་དུ་ཏོག་དབྱིབས་གཉན་སྲིན་འགོས་པའམ་ཡང་ན་ནད་པ་དང་འབྲེལ་བཏུགས་བྱུང་བ་རྣམས་ཀྱིས་གཉན་སྲིན་འགོས་ཡོད་མེད་ཀྱི་བརྟད་དཔྱད་ཐེངས་གཉིས་གནང་རྒྱུ་གལ་ཆེ།
-
2020-06-22 -
-
-
རྒྱ་གར་ལྷོ་ཕྱོགས་ཧོན་སུར་དུ་ཏོག་དབྱིབས་ནད་འབུ་བརྟད་དཔྱད་བྱེད་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
Your browser doesn’t support HTML5 audio
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་།
བོད་མིའི་ཁྲོད་དུ་ཏོག་དབྱིབས་གཉན་སྲིན་འགོས་པའམ་ཡང་ན་ནད་པ་དང་འབྲེལ་བཏུགས་བྱུང་བ་རྣམས་ཀྱིས་གཉན་སྲིན་འགོས་ཡོད་མེད་ཀྱི་བརྟད་དཔྱད་ཀྱི་ཐབས་ལམ་ནང་ནས། ཁག་ཅིག་བརྟག་དཔྱད་ཀྱི་འབྲས་བུ་ཐོན་མགྱོགས་ཀྱང་ཁ་གསལ་མེད་པ་དང་།
ཁག་ཅིག་ཁ་གསལ་བཏོན་ཐུབ་མཁན་སོགས་འདྲ་མིན་ཡོད་པར་བརྟེན་ནས། བརྟག་དཔྱད་ཐེངས་གཅིག་གིས་གསལ་པོ་མ་བྱུང་ཚེ་བརྟག་དཔྱད་གཞན་གྱི་ཐབས་ཤེས་བྱ་དགོས་ཀྱི་ཡོད་པའི་སྐོར་ལ་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།