བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ཅིག་ནས་ཛཱུམ་བཉེན་ཆས་བེད་སྤྱོད་བྱེད་མཚམས་བཞག་ཡོད་པ།
བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ཅིག་ནས་རྒྱ་ནག་ནས་བཟོས་པའི་zoomཛཱུམ་མཉེན་ཆས་བེད་སྤྱོད་བྱེད་མཚམས་བཞག་ཡོད་པའི་གནས་ཚུལ་འདུག
-
2020-04-08 -
-
-
བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ཅིག་ནས་རྒྱ་ནག་ནས་བཟོས་པའི་zoomཛཱུམ་མཉེན་ཆས་བེད་སྤྱོད་བྱེད་མཚམས་བཞག་ཡོད་པའི་གནས་ཚུལ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
Your browser doesn’t support HTML5 audio
༄༅།།དེང་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གི་སྐབས་འདིར་འཛམ་གླིང་ཁྱོན་ཡོངས་ནང་རང་ཁྱིམ་ནས་དྲ་ཐོག་ལས་ཀ་བྱེད་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པའི་ཁྲོས་ནས་དྲ་བརྙན་ཐོག་ནས་ཚོགས་འདུ་སོགས་བྱེད་ཡུལ་ཛཱུམ་མཉེན་ཆས་དེ་དར་ཁྱབ་ཀྱི་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པའི་སྐབས་འདིར་ཉེ་ཆར་ཁེ་ན་ཌར་རྟེན་གཞི་བྱས་པའི་སི་ཊི་རྫན་ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་ནས་མཉེན་ཆས་འདིར་བདེ་འཇགས་ཀྱི་ཐོག་ནས་ཞན་ཆ་ཡོད་པའི་སྙན་ཐོ་ཞིག་ཐོན་པའི་རྗེས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ཁང་ནས་ཀྱང་མཉེན་ཆས་འདི་བེད་སྤྱོད་མཚམས་འཇོག་གནང་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་སྐོར་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཞུགས་སྒར་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས།།