གདན་སའི་སློབ་གཉེར་ཡར་རྒྱས་ཡོང་བའི་ཐབས་ལམ་རྨད་དུ་བྱུང་བ་དེ་ནི་དགེ་ལུགས་རྒྱུགས་སྤྲོད་འདིས་མཚོན་པ།
- 2024-09-24
-
-
-
Your browser doesn’t support HTML5 audio
གདན་སའི་སློབ་གཉེར་ཡར་རྒྱས་ཡོང་བའི་ཐབས་ལམ་རྨད་དུ་བྱུང་བ་དེ་ནི་དགེ་ལུགས་རྒྱུགས་སྤྲོད་འདིས་མཚོན་པས་ཆོས་ཐོག་ཁག་ཡིན་དུས་དེ་དག་གོ་སྒྲིག་ཞུ་རྒྱུར་ཕྱོགས་ཚང་མས་འཐུས་གཙང་གནང་བཞིན་ཡོད་པ་དགེ་ལྡན་སྤྱི་ལས་ཁང་གི་ཚོགས་གཙོས་གསུང་གནང་བྱུང་་་་་་དེ་ཡང་འདས་པས་ལོ་ཤས་ནས་བཟུང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་དམ་དགེ་ལུགས་རྒྱུགས་སྤྲོད་དེ་བཞིན་གདན་ས་གསུམ་གྱི་ནང་ཆ་བགོས་ཀྱི་ཚོགས་གནང་གི་ཡོད་པ་ལྟར་འདི་ལོ་ཕྱི་ཟླ་་༨་པའི་ཟླ་འཇུག་ནས་དབུ་བཙུགས་ཀྱི་གདན་ས་ཆེན་མོ་སེ་ར་དང་དགའ་ལྡན་དེ་བཞིན་འབྲས་སྤུངས་བཅས་ཀྱི་ནང་ཆ་བགོས་ཀྱི་སྔ་རྗེས་རིམ་པའི་རི་བོ་དགེ་ལུགས་པའི་གདན་ས་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་ཁག་དྲུག་དང་དེ་བཞིན་བཀྲིས་ལྷུན་པོ་དང་རྭ་སྟོད་གྲྭ་ཚང་བཅས་གདན་ས་གྲ་ཚང་ཁག་བརྒྱད་ཀྱི་དགེ་ལུགས་རྒྱུགས་འདི་བཞིན་དབུ་བཙུགས་ཀྱི་ཟླ་བ་འདིའི་ཕྱི་ཚེས་་༢༨་་ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད་འདུག་ལ་དགེ་ལྡན་སྤྱི་ལས་ཁང་གི་ཚོགས་གཙོ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་གསུང་ན་གདན་སའི་སློབ་གཉེར་ཡར་རྒྱས་ཡོང་བར་ཐབས་ལམ་རྨད་དུ་བྱུང་བ་དེ་ནི་དགེ་ལུགས་རྒྱུགས་སྤྲོད་ཀྱི་མཚོན་པས་ཆོས་ཐོག་ཁག་ཡིན་དུས་དེ་དག་གོ་སྒྲིག་ཞུ་རྒྱུར་ཕྱོགས་ཚང་མས་འཐུས་གཙང་གནང་བཞིན་ཡོད་སྐོར་གསུང་གནང་བྱུང་།
ཡང་དགེ་ལུགས་རྒྱུགས་སྤྲོད་ཀྱི་དོ་དམ་པ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་ཚུལ་ཁྲིམས་དགའ་བ་ལགས་ཀྱིས་གསུང་ཡས་ལ་བཀའ་རམས་དང་སློབ་དཔོན་དེ་བཞིན་ལྷ་རམས་བཅས་འཛིན་གྲྭ་གཉིས་རེས་བྱེད་པའི་ལོ་དྲུག་གི་རྒྱུགས་སྤྲོད་དེའི་ནང་ད་ལོ་ཁྱོན་སྡོམས་དགེ་འདུན་ཞལ་གྲངས་་༡༣༠༠་ལྷག་ལྷན་བཞུགས་གནང་ཡོད་པ་གསུང་ཅིང་དགེ་ལུགས་རྒྱུགས་སྤྲོད་འདི་ནི་རི་བོ་དགེ་ལུགས་པའི་རྒྱུགས་སྤྲོད་ཚད་མཐོ་ཤོས་ཤིག་ཡིན་པ་སོགས་གསུང་གནང་བྱུང་་དེ་བཞིན་དུ་དགེ་ལུགས་རྒྱུགས་སྤྲོད་ཀྱི་ནང་མཉམ་བཞུགས་གནང་མཁན་འབྲུག་ནས་ཡིན་པ་དགའ་ལྡན་བྱང་རྩེ་གྲྭ་ཚང་ནང་སློབ་དཔོན་དང་པོའི་ནང་རྒྱུགས་སྤྲོད་གནང་མཁན་དགེ་འདུན་པ་བཀྲིས་བསྟན་འཛིན་ལགས་ཀྱིས་གསུང་དོན་ལ་ཁོང་རང་ཉིད་སྒེར་ལ་མཚོན་ན་གཞུང་ཆེན་བཀའ་པོད་ལྔ་ལ་ཉིན་མཚན་ལྟོས་མེད་ཀྱི་སློབ་གཉེར་གནང་ཏེ་ལུས་སེམས་གཉིས་ངལ་ཁྱད་གསད་གནང་བཞིན་ཡོད་སྐོར་གསུང་གནང་གི་འདུག
དེ་མཚུངས་སེར་སྨད་དགེ་འདུན་ཡེ་ཤེས་ཤེས་རབ་ལགས་ནི་འདི་ལོ་བཀའ་རམས་ལོ་གཉིས་པའི་ཡིག་རྒྱུགས་གཏང་གནང་གི་ཡོད་པ་གསུང་ཅིང་ཁོང་ཕྱི་ལོ་༢༠༠༦་བོད་ནས་རྒྱ་གར་ནང་འབྱོར་ཞིང་༧གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སེར་སྨད་གྲྭ་ཚང་གི་བཀྲིན་ལ་བརྟེན་ནས་ནང་ཆོས་ལ་སློབ་གཉེར་གནང་རྒྱུ་སྤྱི་དང་ལྷག་པར་དུ་དགེ་ལུགས་རྒྱུགས་གཏང་རྒྱུ་བྱུང་བར་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་ཀྱི་འགྲེལ་བརྗོད་གནང་བྱུང་དགེ་ལུགས་རྒྱུགས་སྤྲོད་ལོ་དྲུག་གི་ནང་བཀའ་རམས་ལོ་གཉིས་དང་སློབ་དཔོན་ལོ་གཉིས་བཅས་ལོ་བཞི་རིང་གཞུང་ཆེན་ཀ་པོད་ལྔ་གཙོ་བོ་འགྱུར་པའི་སློབ་ཚན་ཁག་ལ་བྲིས་རྒྱུགས་དང་རྩོད་རྒྱུགས་ཁག་གཏང་དགོས་པ་དང་ལྷ་རམས་ལོ་གཉིས་ལ་བཤད་རྒྱུགས་དང་རྩོད་རྒྱུགས་མ་གཏོགས་བྲིས་རྒྱུགས་མེད་པ་རེད་འདུག་་་གཞི་རྩའི་དགེ་ལུགས་རྒྱུགས་སྤྲོད་ཞེས་པ་དེ་ནི་གདན་ས་གྲྭ་ཚང་ཁག་གི་སློབ་གཉེར་ཡར་རྒྱས་ཡོང་རྒྱུར་དམིགས་ཏེ་ཐོག་མར་རྒྱ་གར་ནང་དགེ་ལུགས་རྒྱུགས་སྤྲོད་ཞེས་པ་དེ་ནི་ཕྱི་ལོ་༡༩༧༥་་ལོར་དབུ་བཙུགས་གནང་བ་ཞིག་ཡིན་པ་དང་རྒྱུགས་སྤྲོད་དེའི་ནང་ཞུགས་རྒྱུར་གྲྭ་ཚང་སོ་སོའི་ནང་གཞུང་ཆེན་བཀའ་པོད་ལྔ་གཙོ་བོ་འགྱུར་པའི་སློབ་ཚན་ཁག་ལ་ལོ་ངོ་༡༨་ཙམ་གྱི་རིང་སློབ་གཉེར་གྱི་རྒྱུགས་འཕྲོད་དེ་དགེ་ལུགས་རྒྱུགས་སྤྲོད་ཀྱི་ནང་ཞུགས་རྒྱུའི་ཆ་རྐྱེན་ཚང་རིགས་རྣམས་ནས་དགེ་ལུགས་རྒྱུུགས་སྤྲོད་ནང་ཞུགས་ཏེ་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་ལ་འབད་པ་ལྷོད་མེད་ཀྱི་་སློབ་གཉེར་ཞིབ་ཚགས་གནང་ཏེ་བཀའ་རམས་དང་སློབ་དཔོན་དེ་བཞིན་ལྷ་རམས་བཅས་ལོ་གཉིས་རེ་གཉིས་བྱེད་པའི་ཁྱོན་ལོ་དྲུག་གི་རིང་སློབ་གཉེར་གནང་ཏེ་མཐའ་མ་ལྷ་རམས་རྒྱུགས་སྤྲོད་དེ་ནི་དེང་དུས་འབུམ་རམས་པའི་གནས་ཚད་དང་ཚད་མཉམ་པ་ཞིག་ངོས་འཛིན་གནང་གི་ཡོད་པ་རེད་འདུག
གསར་འགོད་པ། པད་མ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།