ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་གསོ་རིག་གི་གཞུང་ལུགས་ལ་ཉམས་ཞིབ་ཀྱི་ཕྱག་དེབ་ཅིག་འདོན་སྤེལ་གནང་འདུག

RFA

རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་ནས་གསོ་རིག་སྨན་པ་རག་ཤུལ་འཇིགས་མེད་རབ་བརྟན་ལགས་ཀྱིས་རྒྱལ་པོའི་བླ་ཡིག་འོད་འབར་གྱི་མཆན་འགྲེལ་ཐུག་རྔུའི་མུན་པ་དྲུང་འབྱིན་ཞེས་བྱ་བ་དུས་རབས་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་གསོ་རིག་གི་གཞུང་ལུགས་ལ་ཉམས་ཞིབ་ཀྱི་ཕྱག་དེབ་ཅིག་ཕྱི་ལོ་ ༢༠༢༤ ལོར་འདོན་སྤེལ་གནང་ཡོད་པ་རེད།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བོད་ཀྱི་གསོ་རིག་སྨན་པ་རག་ཤུལ་འཇིགས་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org