༸གོང་ས་མཆོག་མི་ནི་སོ་ཊའི་ནང་ཞབས་སོར་འཁོད་པ།

ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་ནང་༸གོང་ས་མཆོག་དབུ་བཞུགས་ཐོག་ཤིང་རྟ་ལོའི་ལོ་གསར་སྲུང་བརྩི་ཞུ་རྒྱུ།

སྐལ་ལྡན་བློ་གྲོས། པར། རྟ་མགྲིན་དབང་ཕྱུག།

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་ཞེས་པའི་ལེ་ཚན་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ཁ་སང་ཕྱི་ཟླ་ ༢ ཚེས་ ༢༨ ཉིན། ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་གྲོང་ཁྱེར་མི་ནི་ཡ་པོ་ལི་སི་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང༌། ༸གོང་ས་མཆོག་དབུ་བཞུགས་ཐོག་ཤིང་རྟ་ལོའི་ལོ་གསར་སྲུང་བརྩི་ཞུ་རྒྱུ། དེ་བཞིན་མཛད་འཆར་གཞན་དག་དང་འབྲེལ་བའི་གནས་ཚུལ་སྐོར། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ངག་དབང་འཆི་མེད་ལགས་དང་། འདི་གའི་ཆེད་གཏོང་གསར་འགོད་པ་རྡོ་རྗེ་དགྲ་འདུལ་ལགས་བཅས་རྣམ་གཉིས་དང་ལྷན་སྐལ་ལྡན་བློ་གྲོས་ལགས་ཀྱྱིས་བཀའ་མོལ་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org