བོད་ཡིག་གི་འཕྲུལ་དེབ་ཀྱི་བྱུང་རབས།

སྲོལ་རྒྱུན་གྱི་ཤོག་བུ་ལས་གྲུབ་པའི་དཔེ་དེབ་དང་འཕྲུལ་དེབ་གཉིས་ཀྱི་ཁྱད་པར་ཐོག་གླེང་བ།

སྲོལ་རྒྱུན་གྱི་ཤོག་བུ་ལས་གྲུབ་པའི་དཔེ་དེབ་དང་འཕྲུལ་དེབ་གཉིས་ཀྱི་ཁྱད་པར་ཐོག་གླེང་བ། ཡུ་ཊུབ།

༄༅།། གསན་མཁན་རྣམ་པ་ཚོ། དེ་རིང་གི༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་བགྲོ་བྱའི་གླེང་གཞི་ནི། དེང་སང་འཛམ་གླིང་སྟེང་ཤིན་ཏུ་དར་ཆེ་བའི་འཕྲུལ་དེབ་ཀྱི་སྐོར་དང་། སྒོས་སུ་བོད་ཡིག་གི་འཕྲུལ་དེབ་ཀྱི་བྱུང་རབས་དང་། བྱེད་ལས། རིགས་འབྱེད། དེ་བཞིན་སྲོལ་རྒྱུན་གྱི་ཤོག་བུ་ལས་གྲུབ་པའི་དཔེ་དེབ་དང་འཕྲུལ་དེབ་གཉིས་ཀྱི་ཁྱད་པར། བཟང་ངན། ཕན་ནུས་སོགས་ཀྱི་ཐད་འབྲེལ་ཡོད་ཆེད་མཁས་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས༎

གདན་ཞུས་སྐུ་མགྲོན་ནི།

ཨ་རིའི་བུ་རྗི་ཉེ་ཡ་མངའ་སྡེའི་ཞར་ལོ་ཚུ་གྲོང་སྡེ་ན་ཡོད་པའི་བཀྲ་ཤིས་ཆོས་གླིང་ཕྱག་འདེབས་གནང་མཁན་དང་།  རིག་མཛོད་དྲྭ་བའི་གཙོ་སྒྲིག་པ་མཁན་པོ་ངག་དབང་རྡོ་རྗེ་ལགས་དང་།

རྒྱ་གར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བ་དང་། བོད་ཀྱི་ཆེས་ཐོག་མའི་གློག་རྡུལ་སྙན་ངག་དེབ་ཚོམ་གྱི་གཙོ་སྒྲིག་པ་མཁྱེན་རབ་རྒྱ་མཚོ་ཡིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org