ནུབ་ཕྱོཊ་སུ་ཤིང་བརྐོས་སྒྱུ་རྩལ་ལ་ཁྲོམ་རྭ་མེད་ཀྱང་རིག་གཞུང་གི་ཆ་ནས་བདག་ཉར་བྱེད་རྒྱུ་གལ་ཆེ་ཡིན་པ་གསུངས་པ།
ཨ་རི་ཐེ་བའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་དུ་ཤིང་བརྐོས་ཀྱི་ལག་རྩལ་ལ་ཁྲོམ་རྭ་ཚུལ་མཐུན་ཞིག་ཐོབ་དཀའ་བའི་གནས་སུ་གྱར་ཡོད་པ་རེད།
- 2024-01-23
-
-
-
མཐུན་འགྱུར་པར་རིས།
Your browser doesn’t support HTML5 audio
བོད་མིའི་བཟོ་རིག་པའི་ནང་ནས་ཤིང་བརྐོས་ཀྱི་ལག་རྩལ་ནི་བོད་དང་རྒྱ་གར་བཙན་བྱོལ་སྤྱི་ཚོགས་ཁྲོད་དར་གསོ་ཆེ་ཤིང་། རིག་གཞུང་གི་སྒྱུ་རྩལ་ཉམས་ཉེས་འགྲོ་བའི་ཉེན་ཁ་མེད་ཀྱང་། ཨ་རི་ཐེ་བའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་དུ་ཤིང་བརྐོས་ཀྱི་ལག་རྩལ་ལ་ཁྲོམ་རྭ་ཚུལ་མཐུན་ཞིག་ཐོབ་དཀའ་བའི་གནས་སུ་གྱར་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་ནང་གནས་བཞུགས་ཤིང་བརྐོས་སྒྱུ་རྩལ་བ་སྤེན་པ་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།