ཐེ་ཝན་ནང་གི་བོད་དོན་རྒྱབ་སྐྱོར་བ་ལིན་ཧྲུའུ་ཡའ་རྐྱེན་འདས་སུ་ཕྱིན་འདུག

ཕུང་པོ་དུར་ཆོས་སྐབས་ཐེ་ཝན་གྱི་སྲིད་འཛིན་དང་ཐཻ་ཝན་གྱི་ཕྱི་སྲིད་དང་ནང་སྲིད་ལས་ཁང་ཁག་གི་དཔོན་རིགས་མྱ་ངན་དུ་ཕེབས་ཡོད་པ།

རྒྱལ་སྤྱིའི་ཉེས་ཡང་ཚོགས་པ།

བཅའ་དྲིའི་ལེ་ཚན་ནང་།  དུས་ཡུན་རིང་པོའི་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་འཐུད་ཀྱི་འགན་འཛིན་ལིན་ཧྲུའུ་ཡའ་ཉེ་ཆར་རྐྱེན་འདས་སུ་ཕྱིན་ནས་ཁོང་གི་ཕུང་པོ་དུར་ཆོས་སྐབས་ཐེ་ཝན་གྱི་སྲིད་འཛིན་དང་ཐེ་ཝན་གྱི་ཕྱི་སྲིད་དང་ནང་སྲིད་ལས་ཁང་ཁག་གི་དཔོན་རིགས་མྱ་ངན་དུ་ཕེབས་ཡོད་པ་སོགས་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་སུ་འཆི་མེད་ལགས་ནས་འབྲེལ་ཡོད་སྐོར་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org