Bangkok ནང་བོད་པའི་ཟ་ཁང་ཆེས་ཐོག་མའི་གྲས་ཤིག

སྒྲིག་བཟོ། ནོར་སྡེ།

 འཛམ་གླིང་གི་ཡུལ་གྲུ་གང་སར་གནས་སྡོད་བོད་མི་ཚོས་སོ་སོའི་འཚོ་རྟེན་གྱི་ཆེད་ལས་རིགས་འདྲ་མིན་སྣ་ཚོགས་གཉེར་བཞིན་ཡོད་པ་ལྟར།  བོད་མི་ལཱ་ཚང་དབྱངས་ཅན་ལགས་ཀྱིས་ཀྱང་ལོ་ངོ་བརྒྱད་ཙམ་ཀྱི་རིང་ནས་Thailand   གྱི་རྒྱལ་ས་ Bangkok ནང་ Tibet Kitchen ཞེས་པའི་བོད་པའི་ཟ་ཁང་ཞིག་གཉེར་བཞིན་ཡོད་པ་དང་། དེ་ནི་ Thailand   ནང་བོད་པའི་ཟ་ཁང་ཆེས་ཐོག་མའི་གྲས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་དབྱངས་ཅན་ལགས་སུ་ཟ་ཁང་དེའི་དམིགས་བསལ་ཁྱད་ཆོས་དང་ Thailand  ནང་གཉེར་དགོས་དོན་ཇི་ཡིན།  དེའི་བརྒྱུད་བོད་པའི་མི་རིགས་ལ་དོ་སྣང་དང་བལྟ་ཚུལ་ཇི་འདྲ་ཡོད་མེད་སོགས་ཀྱི་སྐོར་ཨེ་ཤེ་ཡང་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org