ཐུབ་བསྟན་ཆོས་ཉིད་ལགས་ནས་ལས་འགུལ་གཞན་ཞིག་དབུ་འཛུགས།

ཨ་རིའི་མངའ་སྡེ་ Pennsylvania གྲོང་ཁྱེར་ཕི་ལ་ཌེལ་ཕི་ཡར་རྟེན་གཞི་བྱས་པའི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་རང་བཙན་ཚོགས་ཁང་ཆེན་མོ་དང་། རང་དབང་དྲིལ་བུའི་མདུན་ཐང་དུ་སླར་ལས་འགུལ་སྤེལ་འདུག

ཐུབ་བསྟན་ཆོས་ཉིད་ལགས་ནས་དེ་སྔ་སྤེལ་བཞིན་པའི་ལས་འགུལ་ཞིག་གི་སྐབས། ཐུབ་བསྟན་ཆོས་ཉིད་ལགས་ཀྱི་ངོ་དེབ།

ཨ་རིར་གནས་བཞུགས་བོད་རང་བཙན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་བསྐྱར་དུ་ཕྱི་ཟླ་༤ཚེས་༡༠ ཉིན་ཨ་རིའི་མངའ་སྡེ་ Pennsylvania གྲོང་ཁྱེར་ཕི་ལ་ཌལ་ཕི་ཡར་རྟེན་གཞི་བྱས་པའི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་རང་བཙན་ཚོགས་ཁང་ཆེན་མོ་དང་། རང་དབང་དྲིལ་བུའི་མདུན་ཐང་དུ་སླར་ལས་འགུལ་སྤེལ་འདུག་པའི་དམིགས་ཡུལ་སོགས་ཀྱི་ཐད་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཁོང་ལ་ཞལ་པར་ཐོག་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org