༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་གི་སྐུ་ཚེའི་མཛད་རྣམ།

བོད་ཟླ་ ༩ ཚེས་ ༢༢ ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ས་དགེ་བཀའ་རྙིང་གི་བླ་ཆེན་རྣམ་པས་དབུས་དགེ་བཙུན་སྔགས་གསུམ་གྱིས་སྐུ་གདུང་ཞུགས་འབུལ་དང་ཚོགས་མཆོད་སོགས་རྒྱ་ཆེ་གནང་བ།

བལ་ཡུལ་ཁྲ་འགུ་མགོན།

༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་ཕྲེང་ ༩ པ་མཆོག་དགུང་ལོ་ ༩༡ ཐོག་༢༠༢༣ ཟླ་ ༦ ཚེས་ ༤ ཉིན་ཏེ་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་བལ་ཡུལ་དུ་དགོངས་པ་རྫོགས་ཡོད་ཅིང་། ཉེ་ལམ་བོད་ཟླ་ ༩ ཚེས་ ༢༢ ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ས་དགེ་བཀའ་རྙིང་གི་བླ་ཆེན་རྣམ་པས་དབུས་དགེ་བཙུན་སྔགས་གསུམ་གྱིས་སྐུ་གདུང་ཞུགས་འབུལ་དང་ཚོགས་མཆོད་སོགས་རྒྱ་ཆེ་གནང་ཡོད་པ་རེད། དེ་རིང་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་ཐུགས་སྲས་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་རིན་པོ་ཆེ་དང་ལྷན་༧སྐྱབས་རྗེ་མཆོག་གི་སྐུ་ཚེའི་མཛད་རྣམ་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org