ས་རཱ་མཐོ་སློབ་ཏུ་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བོད་རིགས་སློབ་མ་ཁག་ཅིག་ལ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་ལ་ཟབ་ཁྲིད་གནང་རྒྱུ།

བོད་ཀྱི་མ་དངུལ་ཐེབས་རྩ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བོད་རིགས་སློབ་མ་ཁག་ཅིག་ལ་བོད་ཀྱི་ཆོས་དང་སྐདཡིག་རིག་གཞུང་ཐོག་ཟབ་ཁྲིད་གནང་རྒྱུ།

པར་ཚགས། བོད་ཀྱི་མ་དངུལ་ཐེབས་རྩ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བོད་རིགས་སློབ་མ་ཁག་ཅིག་ལ་བོད་ཀྱི་ཆོས་དང་སྐདཡིག་རིག་གཞུང་ཐོག་ཟབ་ཁྲིད་གནང་རྒྱུ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།

བོད་ཀྱི་མ་དངུལ་ཐེབས་རྩ་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བོད་རིགས་སློབ་མ་ཁག་ཅིག་ལ་དབྱར་ཀའི་གུང་སེང་དང་བསྟུན་ཏེ། ས་རཱ་མཐོ་སློབ་ཏུ་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཅས་པའི་ཐོག་བདུན་ཕྲག་ལྔའི་ཟབ་ཁྲིད་གནང་རྒྱུ་ཡིན་པ་རེད། དེ་རིང་གི་མི་རབས་གསར་པའི་ལེ་ཚན་ནང་ཟབ་ཁྲིད་ཀྱི་བསླབ་གཞི་དང་གཞན་བོད་ཀྱི་མ་དངུལ་ཐེབས་རྩས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་སློབ་གསའི་ཐོག་ལ་རོགས་ཕན་དང་མཐུན་འགྱུར་གྱི་ལས་དོན་ཁག་བཅས་ཀྱི་སྐོར། བོད་ཀྱི་མ་དངུལ་ཐེབས་རྩའི་ལས་འཆར་འགན་འཛིན་བསྟན་འཛིན་ཆོས་འཕེལ་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་རྣམ་གཉིས་སུ་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པ་གསན་རོགས་གནང་༎
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org