བལ་སྒོར་འབུམ་༤༦༤ཙམ་གནང་།

འཛམ་གླིང་ལུ་དར་རན་མཐུན་ཚོགས་ཟེར་བའི་ཚོགས་པས་བལ་ཡུལ་ནང་གི་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་བལ་སྒོར་འབུམ་༤༦༤ཙམ་གནང་ཡོད།

འཛམ་གླིང་ལུ་དར་རན་མཐུན་ཚོགས། འཛམ་གླིང་ལུ་དར་རན་མཐུན་ཚོགས།

༄༅།    །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་།    (The Lutheran World Federation)ཞེས་པའི་འཛམ་གླིང་ལུ་དར་རན་མཐུན་ཚོགས་ཟེར་བའི་ཚོགས་པས་བལ་ཡུལ་ནང་གི་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་བལ་ཡུལ་སྒོར་མོ་འབུམ་༤༦༤ཙམ་རོགས་རམ་གནང་ཡོད་ཅིང་།  དངུལ་འབོར་དེ་དང་པོ་ཐོག་མར་ཇི་འདྲ་བྱུང་སྐོར་དང་གང་གི་ཆེད་དུ་གནང་ཡོད་མེད།  དངུལ་འབོར་དེ་བེད་སྤྱོད་ཇི་འདྲ་གཏོང་རྒྱུ་ཡིན་མིན་སོཌ་ཀྱི་སྐོར་བལ་ཡུལ་ནང་གི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཚེ་རིང་དར་རྒྱས་ལགས་དང་དྲུང་ཆེ་ཉི་མ་རྒྱལ་མཚན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བྲག་གཡབ་ཚང་བཀྲིས་ལགས་བཅས་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།


གསར་འགོད་པ་བློ་བཟང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org