དགེ་བཤེས་མ་བསྟན་འཛིན་ཀུན་གསལ།

ཕྱི་ལོ་༢༠༡༦ ལོར་༧གོང་ས་མཆོག་གི་དྲུང་ནས་དགེ་བཤེས་མ་ ༢༠ ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བཞེས་མྱོང་མཁན་ཁོངས་ནས་དགེ་བཤེས་མ་བསྟན་འཛིན་ཀུན་གསལ་ལགས་གཅིག་ཡིན་པ་ཡིན།

དགེ་བཤེས་མ་བསྟན་འཛིན་ཀུན་གསལ། འདྲ་བཤུས།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཟླ་གསུམ་པ་ནི། བུད་མེད་ནུས་སྟོབས་གོང་འཕེལ་ཟླ་བ་ཞེས་གཏན་འབེབས་གནང་སྟེ་སྲུང་བརྩི་ཞུས་དང་ཞུ་བཞིན་པ་ལྟར། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྤྱི་ཚོགས་ལས་དོན་དང་།  དཔལ་འབྱོར།  རིག་གནས།  ཆབ་སྲིད་སོགས་ཀྱི་ནང་ལས་དོན་གཟེངས་སུ་ཐོན་པ་འགྲུབ་མཁན་གྱི་བུད་མེད་ཁག་ཅིག་ལ་དྲ་ཐོག་གླེང་མོལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུ་བཞིན་ཡོད།    ཐེངས་འདིའི་ལེ་ཚན་ནང་།   ཕྱི་ལོ་༢༠༡༦ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་དགེ་བཤེས་མ་ ༢༠ ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བཞེས་མྱོང་མཁན་ཁོངས་ནས་དགེ་བཤེས་མ་བསྟན་འཛིན་ཀུན་གསལ་ལགས་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org