བསོད་ནམས་ཚེ་བརྟན་ལགས་ཀྱི་གློག་བརྙན་བཟོ་སྐྲུན་གྱི་མྱོང་བ།

རྒྱ་གར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ལས་ཁང་ NDTV ནང་བཀོད་བསྡོམ་པའི་ལས་འཁུར་ནས་རང་དབང་ཅན་གྱི་གློག་བརྙན་བཟོ་སྐྲུན་པའི་ཕྱག་ལས་ཀྱི་ཕྱོགས་སུ་ཁ་སྒྱུར་བྱས་པའི་ལས་དོན་ཁྲོད་ཀྱི་དཀའ་ཚེགས་བྱུང་པ་ཁག་ཐེ་བའི་འགྲུལ་བཞུད་ཀྱི་མྱོང་བ་ཁག་ཅིག

བཙན་བྱོལ་དུ་གནས་སྡོད་བོད་མིའི་གནས་བབ་གསལ་བའི་གློག་བརྙན་ས་མཐའི་ལས་དབང་ཞེས་པ་དང་བསོད་ནམས་ཚེ་བརྟན་ལགས་ཀྱི་གློ་བརྙན་བཟོ་སྐྲུན་གྱི་སྒྱུ་རྩལ་སྐོར། འདྲ་བཤུས།

བཞུགས་སྒར་རྡ་རམ་ས་ལར་སྒྲུང་ཞེས་པའི་གློག་བརྙན་བཟོ་བསྐྲུན་པའི་མཐུན་ཚོགས་ཤིག་གསར་འཛུགས་གནང་སྟེ། དེའི་ནང་བསོད་ནམས་ཚེ་བརྟན་ལགས་དང་མཉམ། བསྟན་འཛིན་སྐལ་ལྡན་ལགས། ཕྱོགས་ལས་བསྟན་འཛིན་ཚེ་བརྟན་ལགས་བཅས་ཀྱིས་མཉམ་སྦྲེལ་ཐོག་ནས་གློག་བརྙན་བཟོ་སྐྲུན་གནང་གི་ཡོད་པ་རེད། འདི་ནི་གཙོ་བོ་བོད་པའི་སྤྱི་ཚོགས་ཁྲོད་གློག་བརྙན་བཟོ་སྐྲུན་གི་ཆེད་ལས་པ་སྐྱེད་བསྲིངས་ཀྱིས། དེ་དག་རྒྱལ་སྤྱིའི་སྡིངས་ཆའི་སྟེངས་སླེབས་ཐབས་ཆེད་དམིགས་པ་མ་ཟད། ཁོང་རྣམ་པས་བཟོ་སྐྲུན་བྱས་པའི་གློག་བརྙན་ (State of Statelessness) ས་མཐའི་ལས་དབང་ཞེས་པ་ནི་བཙན་བྱོལ་དུ་གནས་སྡོད་བོད་མིའི་གནས་བབ་གསལ་བའི་སྒྲུང་གཏམ་ཁག་བཞི་ཕྱོགས་སྒྲིག་ཞུས་པ་ཞིག་རེད་འདུག
གློག་བརྙན་དེ་རིང་མིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་སྦུ་སཱན་ Busan ནང་ཕྱི་ཟླ་ ༡༠ ཚེས་ ༢ ནས་ ༡༡ བར་ཚོགས་རྒྱུའི་ Busan རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ ༢༩ པའི་ཐོག་གཟིགས་འབུལ་ཐོག་མར་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད། གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་འཁྲིད་པ་བཞིའི་ཁོངས་ནས་བསོད་ནམས་ཚེ་བརྟན་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org