བུ་མོ་བསོད་ནམས་བཟང་མོ་ལགས་སུ་གསེར་གྱི་རྟགས་མ།
སོ་ཡི་སྨན་པའི་ཚན་རིག་གི་རྒྱུགས་སྤྲོད་ཆེན་མོའི་ནང་བོད་རིགས་བུ་མོ་བསོད་ནམས་བཟང་མོ་ལགས་སུ་འཛིན་གྲྭའི་ནང་རྩེ་ཕུད་དུ་ཐོན་པར་མཐོ་རིམ་སློབ་གྲྭ་དེའི་གསེར་གྱི་རྟགས་མ་ཐོབ་འདུག
- 2022-03-18
-
-
-
མཐུན་འགྱུར་པར་རིས།
Your browser doesn’t support HTML5 audio
རྒྱ་གར་གྱི་མངའ་སྡེ་ཧ་རི་ཡ་ནའི་ Faridabad ནང་རྟེན་གཞི་བྱས་པའི་Sudha Rustagi མཐོ་རིམ་སློབ་གྲྭ་ནས་སོ་ཡི་སྨན་པའི་ཚན་རིག་གི་རྒྱུགས་སྤྲོད་ཆེན་མོའི་ནང་བོད་རིགས་བུ་མོ་བསོད་ནམས་བཟང་མོ་ལགས་སུ་འཛིན་གྲྭའི་ནང་རྩེ་ཕུད་དུ་ཐོན་པར་མཐོ་རིམ་སློབ་གྲྭ་དེའི་གསེར་གྱི་རྟགས་མ་དེ་ཐོབ་པར་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་དགའ་བསུའི་འཚམས་འདྲི་གནང་ཡོད་པ་སོགས་ཀྱི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།