༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སློབ་ཡོན་རུ་ཁག་ཐེངས་༧པ།
དགེ་འདུན་པ་༤ དང་བཙུན་མ་༢ཉེ་ཆར་ཟླ་འདིའི་ཕྱི་ཚེས་༡༦ཉིན་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འབྱོར་ཡོད་འདུག
- 2023-08-24
-
-
-
Your browser doesn’t support HTML5 audio
ཨ་མི་རི་ཀིའི་མངའ་སྡེ་Georgiaནང་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ The Emory-Tibet Science Initiative་འམ་ཨེ་མོ་རི་དང་བོད་ཀྱི་ཚན་རིག་སློབ་གཉེར་ལས་རིམ་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སློབ་ཡོན་རུ་ཁག་ཐེངས་༧པའི་ནང་དགེ་འདུན་པ་༤ དང་བཙུན་མ་༢ཉེ་ཆར་ཟླ་འདིའི་ཕྱི་ཚེས་༡༦ཉིན་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འབྱོར་ཡོད་འདུག རུ་ཁག་དེའི་ནང་ནས་དགེ་འདུན་པ་གཅིག་ཧི་མ་ལ་ཡེ་རི་བརྒྱུད་གར་ཞ་ནས་ཡིན་པ་དང་ད་ཆ་འབྲས་སྤུང་དགོན་པའི་དགེ་འདུན་པ་ཡིན་པ་་བསྟན་འཛིན་དངོས་གྲུབ་ལགས་སུ་སློབ་ཡོན་དེའི་ནང་དུ་འདེམ་སྒྲུག་བྱུང་ཏང་དང་ཚན་རིག་ཐོག་ལ་ཁོང་ནས་དམིགས་གསལ་གྱི་དོ་སྣང་ཡོད་པ་དང་འབྲེལ་བའི་སྐོར་ལ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།