སེར་བྱེས་མཁས་སྙན་གྲྭ་ཚང་བཀྲིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་གིས་དྲ་ཐོག་སློབ་གྲྭ།

༧གོང་ས་མཆོག་ནས་ཨ་རི་དང་ཡུ་རོབ་ཀྱིས་གཙོས་རྒྱལ་ཁབ་བཅུ་གསུམ་ཙམ་གྱི་ནང་བོད་རིགས་གཞོན་སྐྱེས་དང་མི་རིགས་གཞན་གྱི་སློབ་མ་བརྒྱད་བརྒྱ་ལྷག་ལ་བོད་ཀྱི་སྐད་ཡིག་དང་ཆོས་རིག་ངོ་སྤྲོད་གནང་བཞིན་པར་བསྔགས་བརྗོད་མཛད་ཡོད་པ་རེད།

སེར་བྱེས་མཁས་སྙན་གྲྭ་ཚང་གི་དྲ་ཐོག་སློབ་གྲྭ། མས་པ་སེངྒེ་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༢ ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་བཀྲིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་གིས་དྲ་ཐོག་སློབ་གྲྭ་ཞིག་བཙུགས་ཏེ། འདས་ལོ་གཅིག་གི་ནང་ཨ་རི་དང་ཡུ་རོབ་ཀྱིས་གཙོས་རྒྱལ་ཁབ་བཅུ་གསུམ་ཙམ་གྱི་ནང་བོད་རིགས་གཞོན་སྐྱེས་དང་མི་རིགས་གཞན་གྱི་སློབ་མ་བརྒྱད་བརྒྱ་ལྷག་ལ་བོད་ཀྱི་སྐད་ཡིག་དང་ཆོས་རིག་ངོ་སྤྲོད་གནང་བཞིན་པར་བསྔགས་བརྗོད་མཛད་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བཀྲིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་བྱམས་པ་སེངྒེ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org