མངའ་རིས་ཀྱི་རོལ་ཆ་གོ་བོ།

དེ་མིན་ཁ་རག་སྤེན་པ་ལགས་ཀྱིས་བོད་པའི་སྒྲ་སྙན་དང་པི་ཝང་མཉམ་བསྲེས་ཀྱིས་ (སྒྲ་ཝང་) ཞེས་པ་ཞིག་ཀྱང་བཟོ་སྐྲུན་བྱེད་ཡོད་པ།

ཁ་རག་སྤེན་པ།

ཁ་རག་སྤེན་པ་ལགས་ནི་བོད་མིའི་སྒྱུ་རྩལ་བའི་སྤྱི་ཚོགས་ནང་གསར་གཏོད་ཀྱི་ལས་ལ་བརྩོན་མཁན་ཞིག་དང་། མངའ་རིས་ཀྱི་རོལ་ཆ་གོ་བོ་ཞེས་པ་འདི་བོད་པའི་སྤྱི་ཚོགས་ནང་ཡོངས་ཁྱབ་དར་སྤེལ་གཏོང་ཐབས་བྱེད་བཞིན་ཡོད་ཅིང་། ཁོང་གིས་ལྷོ་ཀོ་རི་ཡར་རོལ་དབྱངས་གསར་རྩོམ་ཐད་དམིགས་བཀར་སློབ་སྦྱོང་གནང་རྒྱུའི་ཆེད་རོལ་དབྱངས་ཀྱི་གཙུག་ལག་སློབ་ཆེན་ཞིག་ཏུ་ཞུགས་ཏེ་རོལ་དབྱངས་གསར་རྩོམ་གྱི་སློབ་གཉེར་ཆེད་དུས་ཚོད་མང་དག་ཅིག་བཏང་གནང་ཡོད་པ་རེད། མ་ཟད་ཁོང་གིས་བོད་པའི་སྒྲ་སྙན་དང་པི་ཝང་མཉམ་བསྲེས་ཀྱིས་ (སྒྲ་ཝང་) ཞེས་པ་ཞིག་ཀྱང་བཟོ་སྐྲུན་བྱེད་ཡོད་པ་འདི་ཁོང་གིས་མང་ཚོགས་ལ་ངོ་སྤྲོད་གནང་རྒྱུ་གནང་བཞིན་ཡོད་ཀྱང་།  སྒྱུ་རྩལ་བའི་སྤྱི་ཚོགས་ཁོངས་ནས་འདིར་དྭོགས་སློང་གི་དྲི་བ་དང་ཐེ་ཚོམ་གྱིས་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཁ་རག་སྤེན་པ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org