གནས་སྐོར་གོམ་བགྲོད་ཀྱི་ལས་འགུལ།

བལ་ཡུལ་ས་འགུལ་གྱི་གོད་ཆག་བྱུང་ཡུལ་ས་མཚམས་ཁག་ཏུ་ཉིན་གྲངས་༨ཙམ་གྱི་རིང་གནས་སྐོར་གོམ་བགྲོད་ཞིག་ཕེབས་ཡོད་པ་རེད།

རྒྱལ་བ་མདོ་ཁམས་པ་མཆོག་གི་དབུ་ཁྲིད་པའི་གནས་སྐོར་གོམ་བགྲོད། སྤྱི་ཚོགས་དྲ་གནས།

༄༅།    །ཐེངས་འདིའི་ང་ཚོའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་འདིའི་ནང་སྤྱི་ལོ་༢༠༡༥ཟླ་༤ཚེས་༢༥ཉིན་བལ་ཡུལ་ནང་ས་འགུལ་རིམ་པ་༧དང་ཚགས་༨་བྱས་པ་ཞིག་རྒྱབ་ནས་མི་གྲངས་བརྒྱད་སྟོང་ལ་ཉེ་བའི་ཚེ་སྲོག་ཤོར་ཡོད་པ་དང་།་དེ་བཞིན་དགོན་སྡེ་ཁག་མང་པོ་ཞིག་ཐོར་བཤིག་ཕྱིན་ཡོད་པ་རེད་། དེའི་ནང་ནས་གནོད་འཚེ་ཆེ་ཤོས་ཕོགས་ས་དེ། བལ་ཡུལ་གྱི་ས་མཚམས་ཁག་གི་མི་མང་རྣམས་ཡིན་པར་བརྟེན། དོན་བརྒྱུད་དཔལ་ལྡན་འབྲུག་པའི་རྒྱལ་བ་མདོ་ཁམས་པ་མཆོག་གིས་དབུ་འཁྲིད་པའི་དགེ་འདུན་པ་དང་ཁོང་གི་སློབ་མ་བཅས་མི་གྲངས་༢༥༠ལྷག་ཙམ་གྱིས་ས་འགུལ་གྱི་གོད་ཆག་བྱུང་ཡུལ་ས་མཚམས་ཁག་ཏུ་ཉིན་གྲངས་༨ཙམ་གྱི་རིང་གནས་སྐོར་གོམ་བགྲོད་ཞིག་ཕེབས་ཡོད་པ་རེད་།  གནད་དོན་དེའི་སྐོར་རྒྱལ་བ་མདོ་ཁམས་པ་མཆོག་ལ་ཐད་ཀར་ཞལ་པར་ཐོག་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།


གསར་འགོད་པ་བློ་བཟང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org