བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་གྱི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་པ།

བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་ཉིན་རེ་བཞིན་ནད་དུག་ཕོགས་པའི་ནད་པ་བཅུ་ལྷག་ཙམ་རེ་ཐོན་བཞིན་ཡོད་པས་ཛ་དྲག་གི་གནས་སྟངས་འོག་ས་གནས་སུ་ཉིན་གྲངས་བདུན་རིང་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་འདུག

བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་ཉིན་རེ་བཞིན་ནད་དུག་ཕོགས་པའི་ནད་པ་བཅུ་ལྷག་ཙམ་རེ་ཐོན་བཞིན་ཡོད་པས་ཛ་དྲག་གི་གནས་སྟངས་འོག་ས་གནས་སུ་ཉིན་གྲངས་བདུན་རིང་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་འདུག བློ་བཟང་ཆོས་འཕེལ།

༄༅།།འདས་པའི་ཉིན་གྲངས་གསུམ་ཙམ་གྱི་རིང་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་ཉིན་རེ་བཞིན་ནད་དུག་ཕོགས་པའི་ནད་པ་བཅུ་ལྷག་ཙམ་རེ་ཐོན་བཞིན་ཡོད་པས་ཛ་དྲག་གི་གནས་སྟངས་འོག་ས་གནས་སུ་ཉིན་གྲངས་བདུན་རིང་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་འདུག །

ཟླ་བཞི་པའི་ཚེས་བཅུ་བཞི་ནས་བཟུང་ད་བར་ཉིན་གྲངས་གསུམ་གྱི་རིང་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་ཉིན་རེ་བཞིན་ཀོ་ཝི་ཊི་༡༩ ཏོག་དབྱིབས་ནད་འབུའི་རིམས་ནད་ཕོགས་པའི་ནད་པ་བཅུ་ལྷག་ཙམ་རེ་གསར་དུ་ཐོན་ཏེ་ད་ལྟའི་ཆར་ཁྱོན་ནད་པ་དྲུག་ཅུ་རེ་ལྔ་ཙམ་ཡོད་པ་རེད་འདུག ། དེའི་ཐད་བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཞབས་རིག་འཛིན་དབང་མོ་ལགས་ནས།

དེ་ཡང་འཕྲོད་ལས་པ་མང་པོ་ཞིག་ལ་ནད་དུག་འགོས་ཡོད་སྟབས་གཞིས་འགོ་དང་སྤྱི་བརྒྱ་བཅས་ཀྱིས་རེ་སྐུལ་ལྟར་གཞིས་སྒར་ནས་དང་བླངས་ཞབས་ཞུ་བ་མང་པོ་ཞིག་གིས་ནད་པ་རྣམས་ལ་རོགས་པ་བྱེད་མུས་ཡིན་པ་དང་། ད་དུང་ནད་པ་སྙལ་སའི་ཉལ་ཁྲིའི་དཀའ་ངལ་འཕྲད་རྐྱེན་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་ལགས་ནས་ཉལ་ཁྲི་དང་སྨན་བཅོས་ཡོ་ཆས་སོགས་ཀྱི་རོགས་རམ་གནང་ཡོད་པ་རེད་འདུག

ཞིབ་ཕྲའི་གནས་ཚུལ་ལྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་ཀྱིས་ཕྱོགས་བསྡུས་ཞུས་པའི་གནས་ཚུལ་ལ་གསན་རོགས།།

གསར་འགོད་པ་བློ་བཟང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org