པཱ་ལགས་ཞེས་པའི་གཏམ་བརྗོད་འཇར་མེ་ནི་རྒྱལ་ཡོངས་སུ་སྐོར་སྐྱོད་གནང་པ།

ཡོ་རོབ་ནང་གི་གཟིགས་འབུལ་མཐའ་མ་འདི་སུད་སི་ནང་གཟིགས་འབུལ་གནང་རྒྱུ་ཡིན་འདུག

འབའ་པ་ཚེ་རིང་རྡོ་རྗེ།

Abhishek Majumdhar ཞུ་བའི་རྒྱ་གར་བའི་མི་རིགས་ཡིན་པ་འཁྲབ་ཁྲིད་བྱུས་འགོད་པ་ཁོང་བོད་ནང་དངོས་སུ་ཕེབས་ཏེ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་གནས་སྟངས་ལ་གཞི་བཅོལ་ཏེ་པཱ་ལགས་ཞེས་པའི་གཏམ་བརྗོད་གཅིག་རྩོམ་བྲིས་བཟོ་སྐྲུན་གནང་ཞིང་། གཏམ་བརྗོད་འདི་བཞིན་རྒྱ་གར་ནང་དུ་བསྐོར་བསྐྱོད་ཟིན་ཏེ་ Tibet Initiative Deustchland ཞེས་པའི་འཇར་མན་བོད་དོན་ཚོགས་པས་གོ་སྒྲིག་འོག་འཇར་མེ་ནིའི་རྒྱལ་ཡོངས་སུ་བསྐོར་སྐྱོད་གནང་ཡོད་ཅིང་། ཡོ་རོབ་ནང་གི་གཟིགས་འབུལ་མཐའ་མ་འདི་སུད་སི་ནང་གཟིགས་འབུལ་གནང་རྒྱུ་ཡིན་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། གཏམ་བརྗོད་འདིའི་ནང་གི་སྒྱུ་རྩལ་བ་རྒན་པ་འབའ་པ་ཚེ་རིང་རྡོ་རྗེ་ལགས་དང་། སྒྱུ་རྩལ་བ་ལོ་ན་ ༡༢ ཡིན་པ་ཆུང་ཤོས་ཡང་བསྐྱར་སྒྲོལ་མ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org