ཨ་རི་ནང་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་ཟབ་སྦྱོང་།

ཨ་རི་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོར་དུས་ཡུན་གཟའ་འཁོར་གཅིག་ཙམ་རིང་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ།

ཨ་རིའི་རྒྱལ་ས་མངའ་ཁུལ་དུ་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་ཟབ་སྦྱོང་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པ་སངས་དོན་ལྡན།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་། ཨ་རིའི་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ལས་ཁང་དང་། བོད་ཀྱི་ཐེབས་རྩ་ལས་ཁང་མཐུན་མོངས་གྱིས་གཡར་ཁའི་དགུང་སེང་རིང་བོད་པའི་སློབ་ཕྲུག་ཚོར་དུས་ཡུན་གཟའ་འཁོར་གཅིག་ཙམ་རིང་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པའི་སྐོར། ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་། བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བློ་བཟང་སྙན་གྲགས་ལགས། ཨ་རིའི་རྒྱལ་ས་ཁུལ་གྱི་གཟའ་མཇུག་བོད་ཡིག་སློབ་གྲྭའི་དགེ་རྒན་སྒྲོལ་དཀར་ལགས་བཅས་རྣམ་པ་གསུམ་དང་ལྷན་དུ། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎

ཡང་།

ཤེས་ཡོན་སློབ་གསོའི་ལེ་ཚན་ནང།

ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཀྱི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་ལ་དབྱར་ཁའི་གུང་གསེང་སྐབས་ཀྱི་དབྱར་སྐྱིད་ཟབ་སྦྱོང་ལེགས་གྲུབ་བྱུང་བའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org