རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བོད་ཀྱི་སྐད་ཡིག

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་སྤེལ་བའི་ཉིན་མོར་སྲུང་བརྩི་ཞུ་སྲོལ་དར་གསོ་བྱུང་བ་ཞིག་ཡིན་པ་རེད།

༢༠༡༣།༢།༢༡ ཉིན་བོད་ཀྱི་ས་ཁུལ་མང་པོའི་ནང་བྱེད་སྒོ་འདྲ་མིན་གྱི་ཐོག་ནས་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་སྲུང་བརྩི་ཞུ་སྐབས་ཀྱི་འདྲ་པར། བོད་ནས་འབྱོར་བ།

འཛམ་གླིང་ཡུལ་གྲུ་མང་པོར་རང་གི་མེས་པོའི་སྐད་ཡིག་སྲུང་སྐྱོབ་ཀྱིས་མཚོན་པས་རང་གི་རིག་གཞུང་དང་སྲོལ་རྒྱུན་ཁག་ལ་བདག་གཅེས་རྒྱུན་འཛིན་བྱེད་རྒྱུར་གདོང་ལེན་བྱ་དགོས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་མུས་ཡིན་པ་རེད།  དེར་བརྟེན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་སྤྱི་ཚོགས་སྲུང་སྐྱོབ་ཚོགས་པས་ ༡༩༩༩ ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་གསལ་བསྒྲགས་གནང་བ་ནས་བཟུང་།  ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་མོ་འདི་བཞིན་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཞེས་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་སྤེལ་བའི་ཉིན་མོར་སྲུང་བརྩི་ཞུ་སྲོལ་དར་གསོ་བྱུང་བ་ཞིག་ཡིན་པ་རེད།  བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་མང་པོ་ཞིག་ད་ལྟ་ཡང་ཁ་འཐོར་གྲོང་ཁྱེར་འདྲ་མིན་ནང་དུ་གནས་སྡོད་བྱེད་དགོས་འཁེལ་ཀྱི་ཡོད་ཅིང་།  རྒྱ་གར་བྱང་ཤར་ནུབ་སྦང་གྷལ་གྱི་ཀ་ལོན་སྦུག་ནང་དུ་བོད་མི་མི་ཉུང་བ་ཞིག་གནས་སྡོད་བྱེད་མུས་ཡིན་ལ།  ཁུལ་འདིར་རྒྱུན་དུ་བལ་པོའི་སྐད་ཡིག་ལ་བཀོལ་སྤྱོད་མང་པོ་བྱེད་པའི་ས་ཁུལ་ཞིག་ཡིན་པས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱ་རྒྱུར་དཀའ་ཚེགས་ཅན་དུ་ངོས་འཛིན་ཞུ་གི་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།

ཀ་ལོན་སྦུག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཚོགས་ཆུང་གི་ལས་དོན་སྤྱི་དང་།  ཡང་སྒོས་ཁ་འཐོར་བོད་མིའི་གནས་ཡུལ་ཁག་ཏུ་བོད་ཀྱི་སྐད་ཡིག་གཅེས་འཛིན་བྱེད་ཕྱོགས་ཐད་སྐད་ཡིག་སྲུང་སྐྱོབ་ཚོགས་ཆུང་གི་ཚོགས་གཙོ་རྨ་ཆུ་དོན་གོ་ལགས་དང་།  དྲུང་ཆེ་ཚུལ་ཁྲིམས་དཔལྡན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org