༸གོང་ས་མཆོག་གི་དགོངས་གཞི་ཁག་བརྒྱུད་སྤེལ་ཞུ་རྒྱུ།
༧གོང་ས་མཆོག་གི་དགོངས་གཞི་ཁག་གླུ་གཞས་དང་བགྲོ་གླེང་བཅས་ཀྱི་བརྒྱུད་ནས་བརྒྱུད་སྤེལ་ཞུ་རྒྱུ་ནི་ངའི་སྒྱུ་རྩལ་གྱི་ལས་དོན་གལ་ཆེ་ཤོས་ཤིག་ཡིན་ཞེས་ལ་དྭགས་ཕུན་ཚོགས་ཀྱིས་གསུངས།
- 2020-12-12
-
-
-
Your browser doesn’t support HTML5 audio
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༡ འཁོར་བའི་དུས་སྐབས་དང་བསྟུན་ནས་རྗེས་དྲན་ཞུ་བའི་ཁྲོད། ལ་དྭགས་ཀྱི་སྒྱུ་རྩལ་བ་གྲགས་ཅན་ཕུན་ཚོགས་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེ་དང་། དམག་འཁྲུགས་ཞི་འཇམ་ཡོང་ཐབས། བོད་དང་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་ལ་སྐུ་ངལ་འཛེམས་མེད་བསྐྱོན་པའི་མཛད་པ་སྐྱོང་བཞིན་པར་རླབས་ཆེན་དུ་ངོས་འཛིན་ཞུ་མུས་ཐོག ལོ་རྒྱུས་དང་བྱུང་བའི་ཁྲོད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གངས་ཅན་བོད་ཀྱི་ལྷ་སྐལ་དུ་ངོས་འཛིན་ཞུ་གི་ཡོད་ཀྱང་། ད་ལྟའི་༧གོང་ས་༧སྐྱབས་མགོན་ཆེན་པོ་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཛམ་གླིང་ཡོངས་ལ་དབང་བའི་དབུ་ཁྲིད་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་ཁག་གླུ་གཞས་དང་བགྲོ་གླེང་བཅས་ཀྱི་བརྒྱུད་ནས་བརྒྱུད་སྤེལ་ཞུ་རྒྱུ་ནི་ཁོང་གི་སྒྱུ་རྩལ་གྱི་ལས་དོན་གལ་ཆེ་ཤོས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག གཤམ་ལ་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་ལ་དྭགས་ཕུན་ཚོགས་ལགས་དང་ལྷན་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།