འཛམ་གླིང་གློ་ནད་ཊི་སྦི་ཉིན་མོ།

RFA

ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་མོ་ནི་འཛམ་གླིང་གློ་ནད་ཊི་སྦི་ཉིན་མོ་ཞེས་འཛམ་གླིང་ནང་གློ་ནད་ཊི་སྦི་ནད་དེ་འགོག་ཐབས་ཀྱི་ཆེད་གོ་རྟོགས་སྤེལ་བ་དང་ནད་དེ་རྩ་མེད་བཟོ་ཐབས་སུ་འབད་བརྩོན་གནང་རྒྱུའི་ཉིན་མོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཅིང་། ༢༠༢༥ ལོའི་གློ་ནད་ཊི་སྦི་ཉིན་མོའི་བརྗོད་གཞི་གཙོ་བོ་ནི་གློ་ནད་ཊི་སྦི་ནད་གཞི་དེ་རྩ་བ་ནས་མེད་པ་བཟོ་ཐབས་དང་དེའི་ཆེད་མུ་མཐུད་འབད་བརྩོན་གནང་རྒྱུའི་ཐོག་ལ་ཤུགས་གནོན་སྐྱོན་རྒྱུ་དེ་ཡིན་པ་རེད།  ཐེངས་འདིའི་ལས་རིམ་ནང་།  བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།། 

གསར་འགོད་པ། མཁའ་འགྲོ་གཡང་འཛོམས

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org