སྨན་ཞབས་པ་ལྷ་མོ་དབྱངས་འཛོམས་ལགས་སུ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས།

སྨན་ཞབས་པ་ལྷ་མོ་དབྱངས་འཛོམས་ལགས་སུ་ རོ་ཊེ་རེ་ ཚོགས་པའི་ ༢༠༢༠ ལོའི་ཞབས་ཞུའི་གཟེངས་རྟགས་གནང་བ།

སྨན་ཞབས་པ་ལྷ་མོ་དབྱངས་འཛོམས་ལགས་སུ་ རོ་ཊེ་རེ་ ཚོགས་པའི་ ༢༠༢༠ ལོའི་ཞབས་ཞུའི་གཟེངས་རྟགས་གནང་བ། སྨན་ཞབས་པ་ལྷ་མོ་དབྱངས་འཛོམས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་རྡོ་རྗེ་གླིང་གྲོང་ཁྱེར་དུ་སྨན་ཞབས་པའི་ཕྱག་ལས་གནང་བཞིན་པ་ལྷ་མོ་དབྱངས་འཛོམས་ལགས་ཀྱིས་ཁོང་གི་སྨན་ཁང་གི་ཕྱག་ལས་དང་དེ་མིན་གུང་གསེང་སྐབས་དང་སྔ་དགོང་སྒེར་གྱི་དུས་ཚོད་ནམ་བྱུང་ལ་སྤྱི་ཚོགས་ཁྲོད་སྨན་ཞབས་དགོས་མཁོར་གྱུར་བའི་ནད་གཅོང་དཀའ་ཚེགས་ཅན་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པར་ཆེ་བསྟོད་ངོས་འཛིན་ཞུས་ཏེ་ རོ་ཊེ་རེ་ ཚོགས་པའི་ ༢༠༢༠ ལོའི་ཞབས་ཞུའི་གཟེངས་རྟགས་ཤིག་ཁོང་ལ་གནང་ཡོད་པ་རེད། གཤམ་ལ་ཁོང་གིས་སྤྱི་སྨན་ལས་དོན་ཇི་སྒྲུབ་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་དང་ལྷན་གླེང་མོལ་གནང་བ་ཞིག་གསན་རོགས་ཞུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org