༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་དེབ་ཕྲེང་བཞི་ཕྱོགས་བསྒྲིགས།
༸གོང་ས་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་གཞི་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རྩ་དོན་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཀྱི་ཐད་ཉམས་ཞིབ་ཀྱི་ལམ་ནས་དེབ་ཕྲེང་བཞི་ཕྱོགས་བསྒྲིགས་གནང་ཡོད་པ།
- 2024-11-23
-
-
-
༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་དེབ་ཕྲེང་བཞི་ཕྱོགས་བསྒྲིགས་ཞུས་པ་རྣམས་༸མགོན་པོ་གང་ཉིད་ལ་སྤྱན་འབུལ་ཞུ་སྐབས།
དཀོན་མཆོག་བསྟན་འཛིན།
Your browser doesn’t support HTML5 audio
ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་གཞི་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རྩ་དོན་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཀྱི་ཐད་ཉམས་ཞིབ་ཀྱི་ལམ་ནས་དེབ་ཕྲེང་བཞི་ཕྱོགས་བསྒྲིགས་གནང་ཡོད་པ་ལྟར། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བརྒྱུད་རིམ་དེའི་མྱོང་བ་དང་། ལྷག་པར་དབྱེ་ཞིབ་ཀྱི་རྣམ་པའི་ཐོག་ནས་རྩོམ་པ་པོ་དཀོན་མཆོག་བསྟན་འཛིན་ལགས་སུ་ཨེ་ཤེ་ཡ་རང་དབང་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།