བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་བོད་ཀྱི་ཐེབས་རྩའི་འགན་འཛིན་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་གསལ་བསྒྲགས་གནང་ཡོད་པ།

བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལས་གནས་འདིའི་ཐོག་ནས་བགྲེས་ཡོལ་ཕེབས་རྒྱུའི་གསལ་བསྒྲགས་གནང་ཟིན་ཡོད་པ།

བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལས་གནས་འདིའི་ཐོག་ནས་བགྲེས་ཡོལ་ཕེབས་རྒྱུའི་གསལ་བསྒྲགས་གནང་ཟིན་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལས་གནས་འདིའི་ཐོག་ནས་བགྲེས་ཡོལ་ཕེབས་རྒྱུའི་གསལ་བསྒྲགས་གནང་ཟིན་ཡོད་ཅིང་། འདི་ནས་འཕོ་འགྱུར་རྗེས་ལས་དོན་ཇི་གནང་སྐོར་ད་ཆ་གསུང་སྟབས་མི་བདེ་བ་ཡོད་ཚུལ་གསུངས་སོང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་ཐོག་མར་གཞོན་ནུའི་སྒྲིག་འཛུགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། དེ་ནས་བོད་མི་མང་སྤྱི་འཐུས་དང་། མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་དང་པོ་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་ནང་བཀའ་བློན་གྱི་མཛད་འཁུར་བཞེས་པ་བཅས་སྐུ་ཚེ་ཧྲིལ་པོ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་ནང་ཕྱག་ལས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བཀའ་ཟུར་མཆོག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org