ཀིརྟི་བླ་བྲང་གི་ལས་དོན་དང་དབང་ཚད།

བཞུགས་སྒར་དུ་ཡོད་པའི་ཀིརྟིའི་བླ་བྲང་གི་མཚན་དང་ལས་དོན་དེ་བཞིན་དབང་ཚད་དང་དཔལ་འབྱོར་སོགས་ཀྱི་ཐད་བགྲོ་གླེང་།

ཀིརྟི་རིན་པོ་ཆེ་མཆོག ཀིརྟི་དགེ་རྩ་ཚོགས་པའི་དྲ་གནས།
༄༅༎ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་། བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་ཀིརྟིའི་བླ་བྲང་གི་མཚན་དང་། ལས་དོན་གྱི་ངོ་བོ། དབང་ཚད། དཔལ་འབྱོར་ལམ་ལུགས། དེ་བཞིན་དབང་འཛིན་པ་སོགས་ཕྱོགས་ཐམས་ཅད་ནས་དེང་དུས་ཀྱི་དམངས་གཙོའི་འགྲོས་དང་མཐུན་པར་བསྒྱུར་ཏེ་ཀིརྟིའི་དགེ་རྩ་ཚོགས་པ་ཞེས་བཙུགས་དགོས་པའི་རྒྱུ་མཚན་དང་། འོས་འགན། དམིགས་ཡུལ། ཁྱབ་ཚད་སོགས་ཀྱི་ཐད། ཀིརྟི་བྱེས་པ་གྲྭ་ཚང་གི་མཚན་ཉིད་དགེ་རྒན་དང་། ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་གཙོ་ཟུར་བ་དཀོན་མཆོག་རྒྱ་མཚོ་ལགས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་ལས་ཐོག་ཚོགས་གཙོ་ཨ་ལགས་མཁས་ཚང་རྣམ་གཉིས་དང་ལྷན་དུ། སྟག་ལྷ་རྒྱལ་གྱིས་བགྲོ་གླེང་ཞུས་པར་གསན་རོགས༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org