བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་བུ་དེར་འཇུག་སྟངས་དང་འགྲུལ་བཞུད་ཀྱི་ཉམས་མྱོང་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ།
བོད་ཕྱི་ནང་གཉིས་ཀའི་ནང་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་འབྲི་སྲོལ་ཉམས་གསོ་ཡོང་རྒྱུར་འབད་བརྩོན་གནང་མཁན་མང་དག་ཅིག་ཡོད་པའི་ཁོངས་ནས་གཅིག་ནི་བསྟན་འཛིན་ཕུན་ཚོགས་ཡིན་པ་རེད།
- 2023-11-09
-
-
-
Your browser doesn’t support HTML5 audio
དེང་སང་གློག་ལས་འཕྲུལ་རིགས་ཐོག་བོད་ཡིག་གི་ཡིག་གཟུགས་མི་འདྲ་བ་མང་པོ་ཞིག་ཐོན་ཏེ་སྟབས་བདེའི་ཐོག་འབྲི་འགོད་བྱེད་ཐུབ་ཅིང་། འཛམ་གླིང་ཁྱོན་ཡོངས་སུ་ལག་བྲིས་ཡིག་གཟུགས་འབྲི་རྒྱུར་དོ་སྣང་དང་དགོས་མཁོ་ཡང་ཆུང་དུ་འགྲོ་བཞིན་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་དུ་ཡང་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཁག་འབྲི་སྲོལ་ལ་དོ་སྣང་དང་དྭངས་འདོད་བྱེད་མཁན་ཧ་ཅང་ཉུང་ཉུང་ཆགས་ཡོད། འོན་ཀྱང་བོད་ཕྱི་ནང་གཉིས་ཀའི་ནང་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་འབྲི་སྲོལ་ཉམས་གསོ་ཡོང་རྒྱུར་འབད་བརྩོན་གནང་མཁན་མང་དག་ཅིག་ཡོད་པའི་ཁོངས་ནས། ཁེ་ན་ཌའི་ནང་གནས་བཞུགས་བོད་པའི་གཞོན་སྐྱེས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བ་བསྟན་འཛིན་ཕུན་ཚོགས་ལགས་གཅིག་ཡིན་པ་རེད། ཁོང་གིས་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་བུ་དེར་འཇུག་སྟངས་དང་། འགྲུལ་བཞུད་ཀྱི་ཉམས་མྱོང་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག