སྤྱི་ཚོགས་ནང་ཏོག་དབྱིབས་ནད་འབུ་ཁྱབ་གདལ་འགོག་ཐབས་ཇི་དགེ།
མང་ཚོགས་ཀྱིས་སྤྱི་ཚོགས་ནང་ཏོག་དབྱིབས་ནད་འབུ་ཁྱབ་གདལ་འགོག་ཐབས་ཇི་དགེ་དང་། ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་བྱེད་ཕྱོགས་སྐོར།
-
2020-03-21 -
-
-
སྤྱི་ཚོགས་ནང་ཏོག་དབྱིབས་ནད་འབུ་ཁྱབ་གདལ་འགོག་ཐབས་ཇི་དགེ།
Your browser doesn’t support HTML5 audio
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འཛམ་གླིང་ནང་ཆེས་ཛ་དྲག་ཏུ་གྱུར་བའི་ཏོག་དབྱིབས་ནད་འབུ་གསར་པ་ COVID-19 ནད་ཡམས་ཁྱབ་གདལ་བྱུང་ནས་རྒྱལ་ཁབ་མང་པོ་ཞིག་གི་ལས་གྲྭ་ཁག་སྒོ་བརྒྱབ་སྟེ་འཕྲོད་བསྟེན་དང་དཔལ་འབྱོར་སོགས་གང་ཅིར་དཀའ་ངལ་ཆེ་བའི་མཚམས་འདིར། མང་ཚོགས་ཀྱིས་སྤྱི་ཚོགས་ནང་ནད་འབུ་འདི་ཁྱབ་གདལ་འགོག་ཐབས་ཇི་དགེ་དང་། ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་བྱེད་ཕྱོགས་ཐད་མི་ནེ་སོ་ཊ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཟུང་སྦྲེལ་སྨན་ལུགས་ཀྱི་སློབ་དཔོན་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་མི་རིགས་དང་རིག་གཞུང་འདྲ་མིན་གྱི་རིགས་རྒྱུན་ཚན་རིག་ཐོག་ལ་འབུམ་རམས་པའི་ཉམས་ཞིབ་གནང་ཟིན་པ་བོད་ཀྱི་གསོ་རིག་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།