རྒྱ་ནག་གིས་རི་ཆརཌི་གྷིཡར་གྱི་མདུན་ལམ་ལ་དོ་ཕོག་བཏང་བ།

རྒྱ་ནག་གཞུང་གིས་དེ་ལྟའི་སྒྱུ་རྩལ་བར་ཉེས་ཆད་བཀེལ་པ་ནི་ཉམས་དམའ་བའི་སྐྱོན་ཆ་ཞིག་ཡིན་པ་རི་ཆརཌི་གྷིཡར་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བསོད་ནམས་རྫོགས་སངས།

འཛམ་གླིང་ནང་མི་སྣ་གྲགས་ཅན་ལྟ་ཅི།  སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་། ཡོ་རོབ་ཡུལ་གྲུ་ཁག་གིས་སོ་སོའི་རྒྱལ་ཁབ་ཀྱི་ཚོང་དང་དཔལ་འབྱོར་གྱི་ཁེ་ཕན་ལ་ཐུགས་དུས།  རྒྱ་ནག་ལྟ་བུའི་དཔལ་འབྱོར་གྱི་སྟོབས་ཤུགས་ལྡན་པ་ཞིག་ལ་ཁ་གཏད་བྱེད་མཁན་ཉུང་ཤས་ཡིན་པ་རེད།  རི་ཆརཌི་གྷིཡར་ནི།  བོད་ཀྱི་ནང་ཆོས་ལ་དོ་དབྱིངས་ཆེན་པོ་ཡོད་མཁན་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུ་མཁན་གྱི་སྒྱུ་རྩལ་བ་ཞིག་ཡིན་ཞིང་། ད་དོན་ཆབ་སྲིད་ཀྱི་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་པས་དབང་གིས་རྒྱ་ནག་གཞུང་གིས་ཁོང་གི་མདུན་ལམ་ལ་དོ་ཕོག་བཏང་པ་ནི།  ནུབ་ཕྱོགས་པའི་སྒྱུ་རྩལ་བ་གྲགས་ཅན་ཁྲོད་དཔེ་མཚོན་ལུང་འདྲེན་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།  རྒྱ་ནག་གཞུང་གིས་དེ་ལྟའི་སྒྱུ་རྩལ་བར་ཉེས་ཆད་བཀེལ་པ་ནི་ཉམས་དམའ་བའི་སྐྱོན་ཆ་ཞིག་ཡིན་པ་རི་ཆརཌི་གྷིཡར་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཕྱོགས་བསྡུས་ཞུས་པའི་གནས་ཚུལ་ལ་གསན་རོགས།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org