རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་ཆགས་པའི་གཞུང་ལམ་ལྔ་པ།
རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་ཆགས་པའི་གཞུང་ལམ་ལྔ་པ་འགྲིམ་འགྲུལ་གྱི་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ་དེའི་ས་གནས་ཀྱི་ཡུལ་མི་དང་བོད་མི་སོགས་ཀྱི་མི་ཚེ་དང་དཔལ་འབྱོར་གྱི་ཐོག་ལ་ཤུགས་རྐྱེན་འཕྲད་ཡོད་མེད་སོགས་ཀྱི་སྐོར།
- 2021-08-31
-
-
-
Reuters
Your browser doesn’t support HTML5 audio
རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་ཆགས་པའི་གཞུང་ལམ་ལྔ་པ་ཟེར་བ་དེའི་ཁུ་ནུ་ས་ཁུལ་དུ་ད་རེས་སྤྱི་ཟླ་༨པའི་ཚེས་༣༠ཉིན་སྣུམ་འཁོར་སོགས་ཀྱི་འགྲིམ་འགྲུལ་གྱི་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ་དེས་ད་ལྟའི་གནས་སྟངས་དང་འབྲེལ། དེས་ས་གནས་ཀྱི་ཡུལ་མི་དང་བོད་མི་སོགས་ཀྱི་མི་ཚེ་དང་དཔལ་འབྱོར་གྱི་ཐོག་ལ་ཤུགས་རྐྱེན་འཕྲད་ཡོད་མེད་སོགས་ཀྱི་སྐོར་ཁུ་ནུ་བ་དགེ་བཤེས་ནོར་བུ་རྒྱལ་མཚན་ལགས་སུ་བཅའ་འདྲི་ཞུས་ཅིང་ཁོང་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེ་དང་ས་གནས་རང་ནས་ཡིན་པ་དང། སྤྱི་ལོ་༡༩༠༦ནས་བཟུང་སྟེ་ཁུ་ནུའི་ལོ་ཐོ་བཏོན་མི་ཐོག་མ་དེའི་མི་ཚང་ནས་ཡིན་པ་རེད།་ཞིབ་ཕྲ་གནས་ཚུལ་ཚེ་དབང་ནོར་བུས་ཕྱོགས་བསྒྲིགས་བྱས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ །
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ནོར་སྡེ།