ཧི་མ་ལ་ཡའི་རི་བརྒྱུད་དུ་བོད་ཀྱི་གསོ་བ་རིག་པའི་བཅོས་ཐབས་ལ་དོ་སྣང་འཕེལ་བཞིན་པ།

རྒྱ་གར་རྒྱལ་ཡོངས་རིམ་པའི་དབུས་གསོ་རིག་ཉམས་ཞིབ་ལྷན་ཁང་གསར་འཛུགས་གནང་རྒྱུའི་བརྒྱུད་རིམ་དབུ་འཛུགས་གནང་རྒྱུ་ཡིན་པ།

རྒྱ་གར་འབྲས་ལྗོངས་ཁུལ་དུ་བོད་ཀྱི་གསོ་རིག་གཞུང་།

ཉེ་བའི་ལོ་དུས་ནང་རྒྱ་གར་གྱི་བྱང་ཕྱོགས་ཧི་མ་ལ་ཡའི་རི་བརྒྱུད་སྤྱི་དང་། སྒོས་སུ་འབྲས་ལྗོངས་མངའ་ཁུལ་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་བཅོས་ཐབས་ལ་དོ་སྣང་འཕེལ་ཞིང་།  ཉེ་ལམ་རྒྱ་གར་དབུས་གཞུང་ཨ་ཡུཤ་གསོ་རིག་ཚན་པའི་བློན་ཆེན་ སར་བྷ་ནན་དྷ་ སོ་ནོ་ཝལ་ མཆོག་གིས་རྒྱ་གར་རྒྱལ་ཡོངས་རིམ་པའི་དབུས་གསོ་རིག་ཉམས་ཞིབ་ལྷན་ཁང་གསར་འཛུགས་གནང་རྒྱུའི་བརྒྱུད་རིམ་དབུ་འཛུགས་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་གར་འབྲས་ལྗོངས་ཁུལ་དུ་བོད་ཀྱི་གསོ་རིག་རིག་གཞུང་ཁྱབ་སྤེལ་དང་འབྲེལ་བའི་ཐད་སྨན་པ་རྡོ་རྗེ་དབང་འདུས་ལགས་དང་།  སྨན་པ་བསོད་ནམས་ཚེ་རིང་ལགས་དང་ལྷན་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org