ཕག་པའི་སྙིང་འགྲོ་བར་མིར་བཅུག་པའི་ནད་པ་དེ་འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན།

འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་ཐད་ཕུང་པོར་ཞིབ་འཇུག་བྱས་པ་བརྒྱུད་ནད་པའི་ལུས་པོས་ཕག་པའི་སྙིང་ངོས་ལེན་མ་བྱས་པ་མིན་པ་ཤེས་རྟོགས་ཐུབ་པ།

ཨེ་པི།

ཉེ་ཆར་ཨ་རིའི་Maryland གཙུག་ལག་སློབ་ཆེན་གྱི་སྨན་གྱིས་ཚན་པས་ཕག་པའི་སྙིང་འགྲོ་བར་མིར་བཅུག་པའི་གཤག་ལག་རྩལ་ཐོག་མ་ཚོད་ལྟ་བྱེད་ཡུལ་གྱི་ནད་པ་དེ་འདས་གྲོངས་སུ་ཕྱིན་པའི་རྗེས། འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་ཐད་ཕུང་པོར་ཞིབ་འཇུག་བྱས་པ་བརྒྱུད་ནད་པའི་ལུས་པོས་ཕག་པའི་སྙིང་ངོས་ལེན་མ་བྱས་པ་མིན་པ་ཤེས་རྟོགས་ཐུབ་པ་དེ་ཡིས་མ་འོངས་པར་ལག་རྩལ་དེའི་ཐོག་ནས་འགྲོ་བ་མིའི་སྙིང་མི་ཐོབ་པའི་ནད་པ་མང་པོའི་ཚེ་སྲོག་སྐྱོབ་ཐུབ་པའི་ལག་རྩལ་ཞིག་མངོན་འགྱུར་ཡོང་རྒྱུའི་རེ་བ་ཆེན་པོ་ཞིག་བྱུང་ཡོད་པའི་སྐོར་ཉེ་ཆར་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་བའི་ནང་དོན་ཐད་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་བསྐྱར་དུ་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲི་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org