བསྟན་འཛིན་ཡེ་ཤེས་ལགས་སུ་༸གོང་ས་མཆོག་གི་མཇལ་ཁའི་སྐལ་བཟང་གི་གོ་སྐབས་ཐོབ་པ།

བསྟན་པའི་སྐུ་འདྲ་ཞིག་༧གོང་ས་མཆོག་གིས་ཁོང་ལ་བསྔགས་བརྗོད་ཐོག་ནས་གནང་ཡོད་པ།

དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་པའི་ཚན་རིག་པ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་ ཕྱི་ཟླ་༨པའི་ཚེས་༦ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐལ་བཟང་གི་གོ་སྐབས་ཐོབ་པ་ཁར། བསྟན་པའི་སྐུ་འདྲ་ཞིག་༧གོང་ས་མཆོག་གིས་ཁོང་ལ་བསྔགས་བརྗོད་ཐོག་ནས་གནང་ཡོད་པ་དེ་ནི་ཁོང་གི་མི་འཚེའི་ནང་ཚན་རིག་གི་ཉམས་ཞིབ་ཀྱི་ཡིག་ཆ་ཁག་ཅིག་བཏོན་ནས་གཟེངས་རྟགས་མང་པོ་རག་པའི་ནང་ཆེས་རིན་ཐང་ཅན་དང་རྩ་ཆེན་ཤོས་དེ་ཡིན་ཞེས་གསུངས་ཀྱི་འདུག དེ་རིང་གི་ཁ་བའི་གྲོས་རྭའི་ལེ་ཚན་ནང་། ན་གཞོན་ཚན་རིག་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་མཁན་བསྟན་འཛིན་ཡེ་ཤེས་ལགས་ཉེ་ཆར་བསྐྱར་དུ་རྒྱལ་སྤྱིའི་གཞོན་སྐྱེས་ཚན་རིག་པའི་ཕུལ་བྱུང་གི་གཟེངས་རྟགས་ཐོབ་པ་དང་། མ་ཟད་༧གོང་ས་མཆོག་གི་མཇལ་ཁ་ཐོབ་ནས་ཁོང་ལ་སྟོན་པའི་སྐུ་འདྲ་ཞིག་ཐུགས་སྨོན་གསོལ་སྩལ་གནང་བ་བཅས་ཀྱི་སྐོར་ ཚན་རིག་པ་བསྟན་འཛིན་ཡེ་ཤེས་ལགས་དང་ཆོས་སྐྱིད་ཀྱིས་བགྲོ་གླེང་གནང་བར་གསན་རོགས་ཞུ།
གསར་འགོད་པ། གུ་རུ་ཆོས་སྐྱིད།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org