ལ་དྭགས་མང་ཚོགས་ཁྲོད་ནང་ཆོས་གོ་རྟོགས་ཡར་རྒྱས་ཇི་ལྟར་འགྲོ་གི་ཡོད་མེད།

ལ་དྭགས་མང་ཚོགས་ཁྲོད་ནང་ཆོས་གོ་རྟོགས་ཡར་རྒྱས་ཇི་ལྟར་འགྲོ་གི་ཡོད་མེད་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོའི་ལ་དྭགས་གསུང་སྒྱུར་ལོ་ཙཱ་བ་སློབ་དཔོན་བློ་བཟང་ཚེ་དབང་མཆོག་ལ་བཀའ་འདྲི་ཞུས་པ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ། ༠༨།༡༣།༢༠༢༢

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཀྱི་གསུང་སྒྱུར་ལོ་ཙཱ་བ་སློབ་དཔོན་བློ་བཟང་ཚེ་དབང་མཆོག་གིས་ལ་དགས་ལྕོགས་ལམ་གསར་དུ་ཉེ་ཆར་སྤྱོད་འཇུག་ལེའུ་བརྒྱད་པའི་འཆད་ཁྲིད་གནང་ཞིང་། ཡང་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༨ ནས་ ༡༢ བར་ཁ་ཆེ་མང་པོ་གནས་ཡུལ་གྱི་ལ་དྭགས་ཀར་གྷིལ་རྫོང་ཁོངས་ཝ་ཁ་ས་ཁུལ་དུ་ནང་པ་དང་། ནང་པ་མ་ཡིན་པའི་ཁ་ཆེའི་སློབ་གྲྭ་བཅས་སུ་བཟང་སྤྱོད་དང་འབྲེལ་བའི་བླང་དོར་གྱི་གསུང་བཤད་གནང་པ་དང་། དེ་བཞིན་ནང་པ་ཚོར་རྒྱལ་སྲས་ལག་ལེན་སོ་བདུན་མ་འཆད་ཁྲིད་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལ་དྭགས་མང་ཚོགས་ཁྲོད་ནང་ཆོས་གོ་རྟོགས་ཡར་རྒྱས་ཇི་ལྟར་འགྲོ་གི་ཡོད་མེད་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོའི་ལ་དྭགས་གསུང་སྒྱུར་ལོ་ཙཱ་བ་སློབ་དཔོན་བློ་བཟང་ཚེ་དབང་མཆོག་དང་། ལ་དྭགས་སེམས་སྐྱེད་ཚོགས་པའི་འགན་འཁུར་བ་རྒན་ཚུལ་ཁྲིམས་བཟང་པོ་ལགས། རྒྱ་གར་བྱང་ཕྱོགས་འཇར་ཁནཌི་དབུས་གཙུག་ལག་སློབ་ཆེན་དུ་ལ་དྭགས་དགོན་པའི་སྐོར་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་བཅས་དང་ལྷན་ལས་རིམ་གཙོ་སྐྱོང་བ་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org