རྩ་གྲུམ་ནད་རིཊ་ལ་ཕྱི་ལུཊ་སྨན་གྱིས་བཅོས་ཐབས་གཤགས་གཅོད་མི་དགོས་པར་བོད་ཀྱི་གསོ་རིག་ཐོག་ནས་བཅོས་ཐབས་གནང་བཞིན་ཡོད་པ།

སྨན་པ་རྡོ་རྗེ་དབང་འདུས་ལགས་ཀྱིས་རྩ་དཀར་དང་གྲུམ་ནད་གསོ་བྱེད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བཅོས་ཐབས་སྐོར་ཁོང་ལ་བཀའ་འདྲི་ཞུས་པའི་ལས་རིམ་ལ་གསན་རོགས་ཞུ།

བོད་ཀྱི་གསོ་རིག་གཞུང་ལུཊ་ཐོག་ནས་རྩ་དཀར་དང་གྲུམ་ནད་གསོ་བྱེད་ཀྱི་བཅོས་ཐབས་གནང་མཁན་སྨན་པ་རྡོ་རྗེ་དབང་འདུས་ལཊ། ཟླ་ཚེས་མི་གསལ། Dr. Dorjee Wangdue

སྨན་པ་རྡོ་རྗེ་དབང་འདུས་ལགས་ཀྱིས་ཕྱི་ལོ་ ༡༩༩༠ རྒྱ་གར་རྡོ་རྗེ་གླིང་ལྕགས་པོ་རི་དྲན་རྟེན་བོད་ཀྱི་གསོ་རིག་སྨན་གྱི་སློབ་གཉེར་ཁང་ནས་གསོ་རིག་སྨན་པའི་བསླབ་པ་མཐར་སོན་བྱུང་ཡོད་ཅིང་།

ཕྱི་ལོ་ ༢༠༡༠ ལ་བོད་གཞུང་སྨན་རྩིས་ཁང་ནས་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཏེ། ལྕགས་པོ་རི་གསོ་རིག་སློབ་གཉེར་ཁང་ལ་ལོ་ཤས་རིང་གསོ་བ་རིག་པའི་སློབ་འཁྲིད་གནང་པ་དང་། གཞན་ཡང་ལོ་ངོ་བཅུ་ལྷག་རིང་བོད་མི་གནས་ཡུལ་ས་གནས་ཁག་བཅས་སུ་ད་བར་ཁྱོན་མི་ལོ་ ༢༠ ལྷག་རིང་སྨན་པའི་ཞབས་ཞུ་བསྒྲུབས་མྱོང་ཡོད་པ་རེད།  ཐེངས་འདིའི་ལས་རིམ་ནང་།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་གསོ་བྱེད་ཀྱི་སྨན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བཅོས་ཐབས་དང་དེའི་ཕན་ནུས་སྐོར་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།།

གསར་འགོད་པ།   མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ།       རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org