སྒོམ་ཉམས་ལེན་ཐོག་ནས་ཕན་ཐོགས་ཡོད་པར་ཡིད་ཆེས་བྱེད་མཁན་མང་དུ་འགྲོ་བཞིན་པ།

ནུབ་ཕྱོགས་པའི་ཚན་རིག་ཞིབ་འཇུག་པ་དང་ལྷག་པར་དུ་གསོ་བ་རིག་པའི་ཚན་རིག་པའི་ཁྲོད་སྒོམ་ ཉམས་ལེན་ཐོག་ནས་ཕན་ཐོགས་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་མཁན་མང་དུ་འགྲོ་བཞིན་པ།

ཨ་རིའི་ཨ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱི་ངོ་དེབ།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། དེང་སང་ནུབ་ཕྱོགས་པའི་ཚན་རིག་ཞིབ་འཇུག་པ་དང་ལྷག་པར་དུ་གསོ་བ་རིག་པའི་ཚན་རིག་པའི་ཁྲོད་བོད་ཀྱི་ནང་ཆོས་རིག་གཞུང་ནང་གསུངས་པའི་སྒོམ་གྱི་ཉམས་ལེན་ཐོག་ནས་ཕན་ཐོགས་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་འབྲེལ། སྒོམ་ངོས་འཛིན་བྱེད་སྟངས་དང་ལྷག་པར་དུ་ནུབ་ཕྱོགས་པའི་ཚན་རིག་པ་དང་མཐོ་རིམ་སློབ་གྲྭ་ཁག་གི་ནང་སྒོམ་ཉམས་ཞིབ་ཚོད་ལྟ་བྱེད་སྟངས་སོགས་ཀྱི་ཐད། ཨ་རིའི་ཨ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་ལྷན་དུ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org